དུས་ཐེངས་དང་པོའི་དྲ་མིན་འགྲེམས་སྟོན།
རྒྱལ་ཁབ་ཕྱིའི་ཉོ་སྒྲུབ་ཚོང་པ་ཁྲི་18.9ཚོང་འདུས་ལ་ཞུགས་པ།

འདི་ནི་ཀོང་ཀྲོའུ་ཚོང་འདུས་སྐབས་140པའི་ཐོག་རྒྱལ་ཁབ་ཕྱིའི་ཉོ་སྒྲུབ་ཚོང་པས་འཕྲུལ་མིའི་འགྲན་སྟེགས་འགྲན་བསྡུར་ལ་ལྟ་བཞིན་པ།

འདི་ནི་ཀོང་ཀྲོའུ་ཚོང་འདུས་སྐབས་140པ་གཉེར་ཡུལ་ཡིན་པ།
ཉེ་ཆར། ཀོང་ཀྲོའུ་ཚོང་འདུས་སྐབས་140པའི་དུས་ཐེངས་དང་པོའི་དྲ་མིན་འགྲེམས་སྟོན་མཇུག་འགྲིལ་ཞིང་། གསར་འགོད་པར་གཉེར་འགན་འཁུར་མཁན་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཚེས་19ཉིན་བར། རྒྱལ་ཁབ་དང་ས་ཁུལ་214ནས་ཡོང་བའི་རྒྱལ་ཁབ་ཕྱིའི་ཉོ་སྒྲུབ་ཚོང་པ་ཁྲི་18.9ཚོང་འདུས་ལ་ཞུགས་པ་དེ་སྐབས་གོང་མའི་དུས་མཚུངས་ལས་13.3%འཕར་བ་དང་། གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་མཉེན་གཤིས་དང་གསོན་ཤུགས་གང་ལེགས་མངོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།