ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་སྐབས་ནན་བཤད་གནང་དོན།
ཆབ་སྲིད་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།
ཝང་ཧུའུ་ཉིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ།
རྟེན་འབྲེལ་འཕྲིན་ཡིག
ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་འདིར། ངས་རྟེན་འབྲེལ་ཞུ་རྒྱུ་ཡིན།
ལོ་ངོ་70ཡི་རིང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས“སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ངོ་བོ་སྤྱི་ཚོགས་རིང་ལུགས་ཡིན་པ”མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱེད་མཁན་ཏང་ཕྱིའི་འཐུས་ཚབ་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ནས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འགོ་འཛུགས་ས་གསར་པར། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་དང་། ཆབ་སྲིད་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་གཅིག་སྒྲིལ། སློབ་ཁྲིད་ཚན་ཞིབ་དང་སློབ་གླིང་སྐྱོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་པ་གསོ་སྐྱོང་དང་། རིགས་གཞུང་ཞིབ་འཇུག མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་།
2026ལོའི་ཟླ་10ཚེས་20ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་འབྱོར་བའི་གློག་འཕྲིན)
ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། ལོ་ངོ་70ཡི་རིང་། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས“སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ངོ་བོ་སྤྱི་ཚོགས་རིང་ལུགས་ཡིན་པ”མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དང་བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་འབད་འཐབ་བྱེད་མཁན་ཏང་ཕྱིའི་འཐུས་ཚབ་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ནས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་དང་། ཆབ་སྲིད་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་གཅིག་སྒྲིལ། སློབ་ཁྲིད་ཚན་ཞིབ་དང་སློབ་གླིང་སྐྱོང་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་པ་གསོ་སྐྱོང་དང་། རིགས་གཞུང་ཞིབ་འཇུག མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་རེ་བ་ཡོད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་འགོད་རྒྱུ)
ཚེས་20ཉིན། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གནང་བ་རེད།
ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བར་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་སྤྲིངས་ནས་ལོ་ངོ་70སོང་རིང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་ཐོབ་པའི་གྲུབ་འབྲས་དང་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སློབ་གླིང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ནུས་པ་དེ་བས་ཡག་པོ་འདོན་དགོས་པའི་ཁ་ཕྱོགས་དང་བླང་བྱར་གསལ་བཤད་གཏིང་ཟབ་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་དང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ཡག་པོ་སྒྲུབ་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཝང་ཧུའུ་ཉིང་གིས་གསུངས་དོན། ལོ་ངོ་70ཡི་རིང་། ཀྲུང་གུང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་སློབ་གླིང་འཛུགས་སྐྱོང་དང་འཕེལ་རྒྱས་ལ་མཐོང་ཆེན་དང་ཐུགས་ཁུར་བྱེད་ཀྱི་ཡོད། ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་ལ་གཞིགས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་པའི་སློབ་གསོ་གསོ་སྐྱོང་དང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པར་བཀོད་སྒྲིག་གལ་ཆེན་གནང་སྟེ། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་སློབ་གླིང་ལ་འཕེལ་རྒྱས་གསར་པ་ཡོང་བར་སྣེ་ཁྲིད་དང་སྐུལ་འདེད་བཏང་ཡོད། རྒྱང་ལམ་གསར་པར། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། “སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ངོ་བོ་སྤྱི་ཚོགས་རིང་ལུགས་ཡིན་པའི”ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བཅས་བྱས་ཏེ། སློབ་མར“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་ཁྲིད་སྟོན་བྱེད་དགོས། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སློབ་གསོའི་གཙོ་འགན་གཙོ་ལས་ལ་ཤུགས་རྒྱག་པ་དང་། ཆབ་སྲིད་གསོ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས། སློབ་གཉེར་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་པའི་སློབ་གསོ་གསོ་སྐྱོང་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས། ཕྱོགས་ཡོངས་ནས་སློབ་གླིང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་སློབ་གླིང་ནན་པོས་སྐྱོང་བ་དང་། སློབ་ཁྲིད་ནན་པོ་བྱེད་པ། སློབ་སྲོལ་ནན་པོ་གཏོད་པ་བཅས་ཐུབ་པར་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ཡོན་ཀྲང་ཝུའུ་ཝེ་ཧྭ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི་ཡིས་ཁག་སོ་སོར་ཤིས་ཚིག་བསྒྲོན་པ་རེད།
དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་སློབ་མ་དང་། དགེ་རྒན་ལས་བཟོ། བློ་མཐུན་རྒན་གྲས་ཀྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།