དབུ་ཤོག
  • ད་ལོ་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བའི་སྐོར་གྱི་བརྡ་ཐོ་གལ་ཆེན་ཞིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-10-21

    2026ལོ་འཁོར་གྱི་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བའི་སྤྱི་བསྒྲགས།

    རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་རྣམས་ལ།  ཕོ་བྲང་པོ་ཏ་ལ་ནི་འཛམ་བུ་གླིང་དུ་སྐད་གྲགས་ཆོད་པའི་རིག་གནས་ཤུལ་བཞག་དང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཞིག་ཡིན་པས། གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དང་སྐྲུན་དངོས་སྲུང་སྐྱོང་གི་རིན་ཐང་ལྡན་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག》གཞིར་བཟུང་། ཕོ་བྲང་པོ་ཏ་ལའི་སྐྲུན་དངོས་ཀྱི་གྲུབ་ཆ་དམིགས་བསལ་དང་། ཐེག་ནུས་ཀྱི་ཆ་རྐྱེན། དེ་བཞིན་རིག་དངོས་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་ཚད་ལྡན་བླང་བྱ་བཅས་དང་ཟུང་འབྲེལ་བྱས་ནས་སྐྲུན་དངོས་ཀྱི་སྔར་ཡོད་རྣམ་པ་སྲུང་སྐྱོང་དང་ཐོ་ཐོ་ཕྲན་བུ་ལས་མི་གཏོང་བ་སོགས་ཀྱི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ཏེ། སྐྲུན་དངོས་ལ་གཏོར་བཤིག་མི་འགྲོ་བ་དང་མི་སྣའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། 2026ལོ་འཁོར་གྱི་སྐུ་དཀར་གསོལ་བའི་ལས་ཀ་དེ་ཕོ་བྲང་པོ་ཏ་ལའི་ཉམས་གསོ་རུ་ཁག་གིས་ཕྱོགས་གསུམ་པའི་ཆེད་ལས་ཚོགས་པ་དང་མཉམ་དུ་བྱེད་རྒྱུ་རེད།

    ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་གི་རིམ་པ་མཐོ་བ་དང་། སྐུ་དཀར་གསོལ་བའི་བཟོ་རྩལ་གྱི་ཚད་གཞི་མཐོ་བ། སྐུ་དཀར་གསོལ་སར་བདེ་འཇགས་དོ་དམ་གྱི་རེ་བ་ནན་པ་བཅས་ཀྱི་དོན་དངོས་ལ་གཞིགས་ནས། རིག་དངོས་སྐྲུན་དངོས་དང་། མི་སྣའི་བདེ་འཇགས། སྐུ་དཀར་གསོལ་བའི་སྤུས་ཚད་བཅས་དང་དེ་བཞིན་ས་ཡུལ་དངོས་ཀྱི་ལས་ཀའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ད་ཐེངས་ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་སྐབས་མང་ཚོགས་དང་སྤྱི་ཚོགས་རྩ་འཛུགས་སྐུ་དཀར་གསོལ་བར་ཡོང་ཆོག་གི་མི་འདུག

    སྐུ་དཀར་གསོལ་རིང་། ལྟ་སྐོར་དང་སྤྲོ་གསེང་ཕེབས་མཁན་ལ་ཤུགས་རྐྱེན་ཐེབས་སྲིད་པས། དགོངས་བཞེས་ཡོད་པ་མཁྱེན། གྲོང་མི་ཚང་མས་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་གནང་རྒྱུའི་རེ་བ་ཡོད།

    ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

    བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ནས།

     2026ལོའི་ཟླ་10ཚེས་16ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།