དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་ཉིང་པོ་རུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་གློག་བརྙན་ལས་དོན་པས་གློག་བརྙན་དང་བརྙན་འཕྲིན་གསར་གཏོད་ཀྱི་གོ་སྐབས་མཉམ་དུ་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

    ཟླ་10ཚེས་18ཉིན་2026འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྒྱལ་སྤྱིའི་གཞོན་ནུའི་གློག་བརྙན་གཟའ་འཁོར་གྱི་ལེ་ཚན་གལ་ཆེན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་གློག་བརྙན་ལས་དོན་པའི་གྲལ་སྒོར་ཚོགས་འདུ་ཀྲེ་ཅང་ཉིང་པོ་སློབ་ཆེན་དུ་འཚོགས་པ་རེད། བྱེད་སྒོའི་ཐོག“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གློག་བརྙན་མཉམ་ལས། གཞོན་ནུ་ཚོས་མཉམ་དུ་གཏོད་པའི་དུས་རབས་ཀྱི་གོ་སྐབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཐོན་ལས་ཀྱི་ད་ཡོད་གནས་ཚུལ་དང་། ཤེས་ལྡན་པ་གསོ་སྐྱོང་། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་བྱས་པ་དང་། བཞེད་དོན་གཙོ་བོའི་གཏམ་བཤད་དང་། གྲལ་སྒོར་གླེང་མོལ། གློག་བརྙན་བརྙན་འཕྲིན་རྟེན་གཞིར་བརྟག་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་གློག་བརྙན་ལས་དོན་པས་སྐད་ཆ་ཤོད་རེས་ཀྱི་འབྲེལ་ཟམ་བཙུགས་ནས་ཕྱོགས་གཉིས་པོས་གློག་བརྙན་སྟོན་པ་དང་། མཉམ་དུ་གསར་རྩོམ། འགྲེམས་སྤེལ་ཐབས་ལམ་འབྲེལ་མཐུད་སོགས་ཀྱི་ཁ་ཕྱོགས་ལ་ཐབས་འདོན་ཇུས་འབུལ་བྱས་ཏེ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གློག་བརྙན་དང་བརྙན་འཕྲིན་གྱི་མི་ཆོས་རིག་གནས་སྤེལ་རེས་དང་ཐོན་ལས་འབྲེལ་མཐུད་ཀྱི་འཆར་གཞི་གསར་པ་མཉམ་དུ་བཀོད་ཡོད། འདི་ནི་ཟླ་10ཚེས་18ཉིན་ཀྲེ་ཅང་ཉིང་པོ་སློབ་ཆེན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུ་གློག་བརྙན་ལས་དོན་པའི་གྲལ་སྒོར་ཚོགས་འདུའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།