དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའུ་ཡིས་བརྗོད་དོན།

    ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་གི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

    ཚེས་16ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་མཉམ་ལས་དང་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པས། ཟླ་10ཚེས་17ཉིན་ནི་རྒྱལ་སྤྱིའི་དབུལ་པོ་མེད་པར་བཟོ་བའི་ཉིན་མོ་རེད། འཕེལ་རྒྱས་འགྲོ་འགོར་བ་དང་ས་འབྲེལ་གདོང་གཏུག་སོགས་ཀྱི་ཤུགས་རྐྱེན་ཐེབས་པས། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་འགྲན་སློང་མི་ཉུང་བ་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་དང་ཉིའུ་ཅིན་སློབ་ཆེན་གྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། འཛམ་གླིང་ཐོག་གི་མི་དུང་ཕྱུར་12ཀྱིས་ཕྱོགས་མང་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་བཞིན་ཡོད། དཔྱད་གཏམ་ཞིག་གི་ནང་ཀྲུང་གོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་ཁྲོད་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ལ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལའང་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བརྗོད་འདུག མགྲིན་ཚབ་པས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།

    མའོ་ཉིང་གིས། ཀྲུང་གོས་ལོ་རྒྱུས་རང་བཞིན་སྒོ་ནས་དབུལ་པོ་དབུལ་ནག་མེད་པར་བཟོས་ཏེ། ལོ་བཅུ་སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་དམིགས་ཚད་མངོན་འགྱུར་ཐུབ་པ་དེ་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་དངོས་སྒྲུབ་ཀྱི་བྱ་སྤྱོད་དང་། “གཅིག་ཀྱང་མི་ལུས་པ་བྱེད་པའི”དམངས་འཚོའི་དྲོད་ཚད། འཆར་གཞི་མཐར་སྐྱེལ་གྱི་འབད་འཐབ་སྙིང་སྟོབས་བཅས་མངོན་ཡོད། ཀྲུང་གོས་དབུལ་པོ་ཉུང་གཏོང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དབུལ་པོ་ཉུང་གཏོང་དེ་ཉིད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཆེན་པོ་བརྒྱད་ཀྱི་གཙོ་གནད་མཉམ་ལས་ཁྱབ་ཁོངས་ཀྱི་ཨང་དང་པོར་འཇོག་གི་ཡོད། ཤ་མོ་གསོ་རྩྭའི་ལག་རྩལ་དང་རྒྱུད་འདྲེས་ཆུ་འབྲས་སོགས་བརྒྱུད་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་མཉེན་གཤིས་མཐོ་རུ་གཏོང་རོགས་བྱས་ཤིང་། རིགས་གཅིག་མཁས་ཅན་སྟོང་ཕྲག་ཁ་ཤས་མངགས་ནས་ལག་རྩལ་རོགས་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་དུང་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་རོགས་ཟླའི་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ། ཀྲུང་གོའི་ལག་ལེན་གྱི་ཉམས་མྱོང་འདྲ་བཟོ་བྱེད་ཆོག་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།