དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • COP17སྐྱེ་དངོས་སྣ་མང་རང་བཞིན་གྱི་འགོ་ཁྲིད་པའི་དབུ་ཚོགས་ཀྱིས་རང་བྱུང་ལ་བྱ་སྤྱོད་སྤེལ་རྒྱུའི་འབོད་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

    ཨེ་རེ་ཝན་ནས་གནས་ཚུལ་སྤེལ་བར། ཚེས་16ཉིན་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགོ་ཁྲིད་པའི་དབུ་ཚོགས་ཨར་མེ་ཉི་ཡའི་རྒྱལ་ས་ཨེ་རེ་ཝན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག《ཨེ་རེ་ཝན་གྱི་བསྒྲགས་གཏམ། རང་བྱུང་ལ་བྱ་སྤྱོད་སྤེལ་དགོས》ཞེས་པ་ཁྱབ་བསྒྲགས་བྱས་ནས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བྱ་སྤྱོད་སྤེལ་མགྱོགས་སུ་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་ཉམས་རྒུད་བཀག་འགོག་བྱེད་པ་དང་འབྲེལ་གནས་སྟངས་སྒྱུར་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

    ད་ཐེངས་ཀྱི་འགོ་ཁྲིད་པའི་དབུ་ཚོགས་དེ《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ(COP17)མགྲོན་བདག་རྒྱལ་ཁབ་ཨར་མེ་ཉི་ཡས་ཚོགས་ཆེན་མ་འཚོག་གོང་འཚོགས་པ་དང་། དེའི་དམིགས་ཡུལ་ནི་ཚོགས་ཆེན་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་པ་དང་བློ་སྟོབས་ཆེ་རུ་གཏོང་བ་དང་འབྲེལ་གོ་ལ་ཧྲིལ་པོའི་མཐུན་སྦྱོར་བྱ་སྤྱོད་སྐུལ་སློང་བྱ་རྒྱུ་དེ་རེད།

    བསྒྲགས་གཏམ་ནང“ཁུན་མིང་དང་མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”དོན་འཁྱོལ་ནུས་ལྡན་བྱ་རྒྱུའི་ཁས་ལེན་བསྐྱར་བསྒྲགས་བྱས་ཏེ། 2030ལོར་སླེབས་སྐབས་སྐྱེ་དངོས་སྣ་མང་རང་བཞིན་ཉམས་རྒུད་བཀག་འགོག་བྱེད་པ་དང་འབྲེལ་གནས་སྟངས་སྒྱུར་བ་དང་2050ལོར་སླེབས་སྐབས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།