དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་འགོ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

     གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། སློབ་གསོ་པུས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་འགོ་བཙུགས་པ་རེད། འགྲན་བསྡུར་ཆེ་མོ་དེ་སློབ་གསོ་པུའུ་དང་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། “འགྲན་བསྡུར་གྱིས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་གྱིས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་རིགས་སློབ་གསོར་ཤུགས་སྣོན་རྒྱག་པའི་སློབ་ཁང་ཆེ་མོ་དང་། ཤེས་ལྡན་པའི་མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཆེ་མོ། སློབ་ཐོན་སློབ་མའི་ལས་ཞུགས་ལ་ཞབས་འདེགས་ཞུ་བའི་ཁྲོམ་ར་ཆེ་མོ་བཅས་ཧུར་ཐག་བཏོད་ཡོད།

    འགྲན་བསྡུར་ཆེ་མོར་འཚར་ལོངས་འགྲན་བསྡུར་དང་ལས་ཞུགས་འགྲན་བསྡུར་བཀོད་སྒྲིག་བྱས་ཤིང་། 2026ལོའི་ཟླ་10པ་ནས་2027ལོའི་ཟླ་4པ་བར་གཉེར་རྒྱུ་དང་། སློབ་གྲྭའི་འགྲན་བསྡུར་དང་། ཞིང་ཆེན་གྱི་འགྲན་བསྡུར། རྒྱལ་ཡོངས་ཀྱི་མཐའ་བསྡུར་བཅས་རིམ་པ་གསུམ་གྱི་འགྲན་སྲོལ་དབྱེ་ཡོད། སློབ་གྲྭའི་འགྲན་བསྡུར་ནི་མཐོ་སློབ་ཁག་གིས་སྒྲིག་འཛུགས་ཀྱི་འགན་འཁུར་བ་དང་། ཞིང་ཆེན་གྱི་འགྲན་བསྡུར་ནི་ས་གནས་ཁག་གིས་སྒྲིག་འཛུགས་ཀྱི་འགན་འཁུར་ཡོད། རྒྱལ་ཡོངས་ཀྱི་མཐའ་བསྡུར་དེ་ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་། ཁྲུང་ཆིང་སློབ་ཆེན། ཁྲུང་ཆིང་དགེ་འོས་སློབ་ཆེན་བཅས་ཀྱིས་གཉེར་འགན་འཁུར་ཞིང་། གསེར་གྱི་བྱ་དགའ་དང་། དངུལ་གྱི་བྱ་དགའ། ཟངས་ཀྱི་བྱ་དགའ། ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་བྱ་དགའ་བཅས་དང་། དེ་བཞིན་ས་གནས་ཀྱི་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་སློབ་གྲྭའི་འགྲན་བསྡུར་གྱི་མི་སྣ་གསོ་སྐྱོང་བྱ་དགའ་སོགས་ཀྱི་བྱ་དགའ་སྤྲོད་རྒྱུ་རེད། འགྲན་བསྡུར་གཉེར་རིང་། ས་གནས་ཁག་དང་མཐོ་སློབ་ཁག་གིས་སློབ་གྲྭ་དང་ཁེ་ལས་ཀྱི་མཁོ་སྤྲོད་སྦྲེལ་མཐུད་དང་། སློབ་གྲྭའི་འགྲན་བསྡུར་གྱི་མི་སྣ་གསོ་སྐྱོང་གྲུབ་འབྲས་འགྲེམས་སྟོན། གསར་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།