དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་ལས་རྨས་ལུས་གསོའི་ཞབས་ཞུ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

    ཉེ་ཆར། ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས《ཀན་སུའུ་ཞིང་ཆེན་གྱི་ལས་རྨས་ལུས་གསོའི་དོ་དམ་བྱ་ཐབས》བཀྲམ་ནས་ལས་རྨས་འགན་བཅོལ་གྱི་སྔོན་འགོག་དང་། གུན་གསབ། ལུས་གསོ་བཅས་ཀྱི་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ལས་རྨས་ལས་བཟོའི་ལུས་གསོ་སྐྱོབ་བཅོས་ལ་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

    ལུས་གསོ་བྱེད་སྟངས་ཐད་སྔ་དུས་ཐེ་ཞུགས་དང་བརྒྱུད་རིམ་ལྡན་པའི་ལུས་གསོའི་ཐབས་ལམ་གཉིས་བཀོད་སྒྲིག་བྱས་ཤིང་། ལས་རྨས་ལས་བཟོར་ནད་ཐོག་སྨན་བཅོས་བྱེད་རིང་། དུས་གཅིག་ཏུ་ལུས་གསོའི་ཐེ་གཏོགས་བྱས་ནས་ནུས་པ་མ་ཉམས་སྔོན་འགོག་དང་དབང་པོ་སྐྱོན་ཤོར་གྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ་རེད། ལས་རྨས་སྨན་བཅོས(ལུས་གསོ)གྲོས་མཐུན་སྒྲིག་གཞིས་དུས་ཐོག་ཏུ་ལུས་གསོའི་མངོན་མེད་སྟོབས་ཤུགས་ལ་ཚོད་སྐོར་དང་སྔ་དུས་ཐེ་ཞུགས་ཇུས་གཞི་བཟོས་པ་དང་འབྲེལ། རྨས་སྐྱོན་ཕོག་པའི་ལས་བཟོའམ་ཡང་ན་དེའི་གཉེན་ཉེའི་མོས་མཐུན་ཐོབ་རྗེས་ལག་བསྟར་བྱ་རྒྱུ་རེད། ལུས་གསོའི་ཆ་རྐྱེན་མ་འཛོམས་པའི་སྨན་བཅོས་སྒྲིག་གཞིས་ལུས་གསོའི་སྒྲིག་གཞི་གཞན་དང་མཉམ་འབྲེལ་བྱེད་པའམ་ཡང་ན་དེར་བསྒྱུར་ནས་ཞབས་འདེགས་ཞུ་ཆོག མི་སྤྱི་སྡེ་ཚན་དང་གྲོས་མཐུན་སྒྲིག་གཞིས་དུས་གཅིག་ཏུ་ལས་རྨས་ལས་བཟོར་ལུས་གསོའི་ཁེ་དབང་གསལ་བཤད་བྱེད་དགོས། རྨས་སྐྱོན་དྲག་སྐྱེད་ཡག་པོ་བྱུང་རྗེས་བརྒྱུད་རིམ་ལྡན་པའི་ལུས་གསོ་བྱེད་པ་དང་། རེ་ཞུ་དང་གཏན་འཁེལ་གྱི་བརྒྱུད་རིམ་དེ་གྲོང་ཁྱེར(ཀྲོའུ)གྱི་ངལ་རྩོལ་ནུས་པ་དཔྱད་འདོམས་ཨུ་ཡོན་ལྷན་ཁང་ངམ་ཡང་ན་རིམ་པ་གཅིག་མཚུངས་ཀྱི་སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་རེ་ཞུ་ཆོག་པར་ལེགས་སྒྲིག་བྱས་ནས་བསམ་འཆར་མི་མཐུན་པ་བསྐྱར་ཞིབ་བྱེད་པའི་ཐབས་ལམ་ཁ་གསལ་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།