སྒ་སྨུག་བསྡུ་བར་བྲེལ་བ།

འདི་ནི་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥེང་ནན་ཆུས་ཁྲ་ཧོ་གྲོང་རྡལ་སི་ཧྲེན་ཀྲོང་དབྱི་གྲོང་ཚོའི་ཞིང་པས་སྒ་སྨུག་བསྡུ་བཞིན་པ།
ཉེ་ཆར། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥེང་ནན་ཆུས་སུ་བཏབ་པའི་སྒ་སྨུག་ལ་ལོ་ལེགས་བྱུང་བ་དང་། ཡུལ་དེ་གའི་ཞིང་དུད་ཀྱིས་སྒ་སྨུག་བསྡུ་འགོ་ཚུགས་ནས་ཞིང་ནང་དུ་བྲེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཐང་ཧྲན་གྲོང་ཁྱེར་ཧྥེང་ནན་ཆུས་ཀྱིས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཞིང་པར་ཡུལ་བབ་དང་བསྟུན་ནས་སྤུས་ལེགས་སྒ་སྨུག་འདེབས་པར་ཁྲིད་སྟོན་བྱས་པ་མ་ཟད། ཚད་ལྡན་ཅན་གྱི་གཡོག་བྱེད་ཁྱབ་གདལ་བཏང་ནས་སྒ་སྨུག་གི་སྤུས་ཚད་དང་ཐོན་འབབ་མཐོ་རུ་ནུས་ལྡན་བཏང་སྟེ། ཞིང་པར་འབབ་འཕར་ཡོང་བར་རམ་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།