དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་2026ལོའི“ཁྱིམ་ཚང་ཁྲིར་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཁྱབ་གདལ་གཏོང་བའི”བྱེད་སྒོའི་ཚོགས་ར་གཙོ་བོའི་འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-21

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་2026ལོའི“ཁྱིམ་ཚང་ཁྲིར་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཁྱབ་གདལ་གཏོང་བའི”བྱེད་སྒོའི་ཚོགས་ར་གཙོ་བོའི་འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས“ཚང་མས་རང་འགན་གཙང་སྒྲུབ་དང་མཉམ་དུ་ལོངས་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་རྒྱ་བོད་སྐད་གཉིས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ལྷུ་ཚིགས་བཙུགས་པ་དང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་མི་སྤྱི་ཚན་པའི་ལས་སྒོའི་རྐང་འཛིན་པས་ལས་རྨས་འགན་བཅོལ་དང་། འགན་བཅོལ་ནང་ཞུགས་སྐབས་ཐོ་འགོད་བྱེད་སྟངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་སོགས་མང་ཚོགས་ཚང་མས་དོ་ཁུར་བྱེད་པའི་ནང་དོན་ལ་དམིགས་ནས། སྲིད་ཇུས་ལ་གསལ་འགྲེལ་བྱས་པ་དང་དུས་མཚུངས་དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་གྱི་ལྷུ་ཚིགས་བཙུགས་ཏེ་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་དང་། ཐོབ་ཐང་ལོངས་སྤྱོད། ཐོབ་ཐང་ཁས་ལེན་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་རེ་ཞུར་དུས་ཐོག་ཏུ་ལན་བརྒྱབ་པ་རེད། དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་གཞི་རིམ་གྱི་འཐབ་ས་དང་པོ་དང་། ཉིན་གླ་མེད་པའི་ཁྲོམ་ར། ཨར་པོ་རྒྱག་ས། མོས་འདེམས་ས་ཚིགས་སོགས་སུ་བསྐྱོད་དེ་ཐོན་ལས་བཟོ་པ་དང་། རང་མོས་ལས་རིགས་པ། ལས་རྣམ་གསར་པའི་ངལ་རྩོལ་པ་བཅས་ལ་ཕྱོགས་ནས་ངོ་ཐུག་གདོང་འཕྲད་ཀྱིས་གནད་སྨིན་སྒྲོག་འགྲེལ་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་འཐབ་ས་དང་པོར་སྲིད་ཇུས་བློ་འདྲི་དང་དམངས་ཕན་ཞབས་ཞུ་སྒྲུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།