རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཅིང་ཀང་རི་བོའི་སྙིང་སྟོབས་ཀྱི་གསར་བརྗེའི་ཞིབ་སྦྱོང་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུཌ་པ།
ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཅིང་ཀང་རི་བོའི་སྙིང་སྟོབས་ཀྱི་གསར་བརྗེའི་ཞིབ་སྦྱོང་གསོ་སྦྱོང་འཛིན་གྲྭ་ཧུའུ་ནན་ཧྲའོ་ཧྲན་དུ་སློབ་འགོ་ཚུགས་པ་རེད། དེ་ནི་ཚོགས་པ་དེས་ད་ལོ་སྒྲིག་འཛུགས་བྱས་ནས་སྤེལ་བའི་གསར་བརྗེའི་བརྗོད་དོན་གཙོ་བོའི་ཞིབ་སྦྱོང་གི་གསོ་སྦྱོང་དུས་ཐེངས་གཉིས་པ་ཡིན་པ་དང་། གསོ་སྦྱོང་གི་དུས་ཡུན་ཉིན་7རེད།
ད་ཐེངས་ཀྱི་ཞིབ་སྦྱོང་དེ་ཧྲའོ་ཧྲན་དང་ཅིང་ཀང་རི་བོའི་གསར་བརྗེའི་གནས་མཆོག་གཉིས་སུ་ཡིན་པ་དང་། སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཡོད་ཅིང་། དེའི་ནང《རླབས་ཆེན་མི་སྣའི་ཉམས་འགྱུར་ལ་སློབ་སྦྱོང་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས》ཞེས་པ་དང་། 《ཅིང་ཀང་རི་བོའི་འཐབ་རྩོད་དང་ཅིང་ཀང་རི་བོའི་སྙིང་སྟོབས》 《ཅིང་ཀང་རི་བོའི་སྙིང་སྟོབས་རྒྱུན་འཛིན་དང་དེའི་དུས་རབས་ཀྱི་རིན་ཐང》སོགས་ཆེད་དོན་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་ཡོད་ལ། ཅིང་ཀང་རི་བོའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་དང་། གསར་བརྗེའི་རྟེན་མཛོད་ཁང་། ཚེ་ཕིང་བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ། ཅུས་ཙེ་ཀྲོའུ་ཐུའུ་སོགས་ས་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་ཀྱང་ཡོད། གསར་བརྗེའི་འབྱུང་ཁུངས་འཚོལ་སྙེག་བྱས་ནས། གསར་བརྗེའི་སྙིང་སྟོབས་ཚོར་བ་བྱ་རྒྱུ་དང་། སེམས་རྣལ་དུ་ཕབ་ནས་གསར་བརྗེའི་ཉིང་བཅུད་བསྡུ་ལེན་བྱས་ཏེ་བསམ་བློའི་ཐོག་ཉམས་སད་ཐེག་པ་དང་བསམ་པར་སླར་ཡང་ཡར་བསྐྱེད་ཡོང་བ་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།