དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་དུ“ཉི་འོད་འགོ་འཛུགས་བྱ་སྤྱོད་འཆར་གཞིས”བྱིས་པ་ཁྲི་1.56ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-20

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཟླ་3པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དེ་ཉིད་རྒྱལ་ཡོངས་ཀྱི་གྲོང་གསེབ་བྱིས་པའི་སྔ་དུས་འཕེལ་རྒྱས་རྣམ་གྲངས་ལག་བསྟར་གྱི་དཔེ་སྟོན་ཁུལ་གཉིས་པར་གྱུར་པ་དང་། “ཉི་འོད་འགོ་འཛུགས་བྱ་སྤྱོད་འཆར་གཞིའི”བྱིས་པའི་སྔ་དུས་འཕེལ་རྒྱས་རྣམ་གྲངས་ལ་བརྟེན་ནས་ཟླ་བ་6ནས་ཟླ་བ་36བར་གྱི་བྱིས་པར་གསོ་སྐྱོང་མཛུབ་ཁྲིད་དང་འཚོ་བཅུད་ཐེ་གཏོགས་བྱས་ཤིང་། མིག་སྔའི་བར། རྣམ་གྲངས་དེ་མཚོ་ཤར་གྲོང་ཁྱེར་གྱི་ཤང་གྲོང་37དང་སྲིད་འཛིན་གྲོང་ཚོ་663དང་། དེ་བཞིན་སྡེ་ཁུལ་49ལ་ཁྱབ་པ་དང་། རིམ་རྩིས་བརྒྱབ་ན་ཕན་པ་ཐོབ་པའི་བྱིས་པ་ཁྲི་1.56ཟིན་ཡོད་པ་རེད།

    “ཉི་འོད་འགོ་འཛུགས་བྱ་སྤྱོད་འཆར་གཞི”དེ་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་དང་རྫོང་ཆུས་སྲིད་གཞུང་གི་ལྷན་སྦྱར་བྱ་ཐབས་ལ་བརྟེན་ནས་མ་དངུལ་དོན་འཁྱོལ་བྱེད་ཅིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་4992.3གྲབས་གསོག་བྱས་ནས་རིག་ལྡན་གསོ་སྐྱོང་ལྟེ་གནས་15བསྐྲུན་ཡོད།

    མཚོ་ཤར་གྲོང་ཁྱེར་གྱིས་ད་དུང་ས་གནས་དེ་གའི་གྲོང་གསེབ་ཀྱི་བུད་མེད་321ལས་གྲུབ་པའི་ཆེད་ལས་ཞབས་ཞུའི་རུ་ཁག་ཅིག་བཙུགས་ཏེ“ཁྱིམ་དུ་འཚམས་འདྲིས་གཙོ་ཁྲིད་དང་ལྟེ་གནས་ཀྱི་གཞོགས་འདེགས་ཟུང་དུ་འབྲེལ་བའི”བྱ་ཐབས་ལག་བསྟར་དང་། ཁྱིམ་དུ་འཚམས་འདྲི་ཞབས་ཞུའི་བཀོལ་སྤྱོད་ཚད་གཞི་དང་རིག་ལྡན་གསོ་སྐྱོང་ལྟེ་གནས་ཀྱི་གཉེར་སྐྱོང་ཚད་གཞི་བཟོ་བ། “ཟླ་རེར་ལྟ་སྐུལ་མཛུབ་ཁྲིད་དང་དུས་ཚིགས་རེར་དཔྱད་དཔོག་ཟུང་དུ་འབྲེལ་བའི”སྤུས་ཚད་དོ་དམ་ཚོད་འཛིན་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ“གསོ་སྦྱོང་དང་། ལག་ལེན། ལྟ་སྐུལ་མཛུབ་ཁྲིད”བཅས་ཀྱི་གདུབ་ཟུམ་དོ་དམ་བྱས་ཤིང་། མིག་སྔའི་བར། རིམ་རྩིས་བརྒྱབ་ན་དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་ཐེངས་ཁྲི་70བྱས་པས་གྲོང་ཁྱེར་ཡོངས་སུ་བྱིས་པའི་ཚད་གཉིས་ལོན་ཚད་94%ཡན་ཟིན་ཡོད། “སྨན་བཅོས་དང་སློབ་གསོ་ཟུང་འབྲེལ”གྱི་བྱ་ཐབས་སྤྱད་དེ་བྱིས་པའི་གཟུགས་པོ་བརྟག་དཔྱད་དང་། སྔོན་ཁབ་རྒྱག་པ། བྱིས་པའི་བདེ་སྲུང་དོ་དམ། མཛུབ་ཁྲིད་གསོ་སྦྱོང་། ཁྱིམ་དུ་འཚམས་འདྲི་སོགས་མ་བུའི་ཞབས་ཞུའི་རྣམ་གྲངས་ལ་སྤྱི་འདོམས་བྱས་ནས་བྱིས་པའི་སྔ་དུས་འཕེལ་རྒྱས་ཀྱི“དོ་དམ་དང་། གསོ་སྐྱོང་། སློབ་གསོ”བཅས་མཉམ་འདྲེས་དམ་ཟབ་ཐུབ་པའི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།