དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“རྒན་བཀུར་ཟླ་བའི”རྒན་གསོའི་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-20

     མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒན་བཀུར་རྒན་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་རྒན་གསོའི་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ཨུད་དངུལ་རྩ་གཞུང་དོན་ཁང་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ལྟ་འདོམས་ཅུས་བཅས་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་2026ལོའི་མཚོ་སྔོན་ཞིང་ཆེན་གྱི“རྒན་བཀུར་ཟླ་བའི”རྒན་གསོའི་དངུལ་རྩའི་ཞབས་ཞུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་མི་སེམས་དྲོ་བའི་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་གཏོད་ཆེད་ཡིན་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་ཚོགས་སྤྱིའི་དངུལ་རྩའི་ཞབས་ཞུའི་དགོས་མཁོར་དམིགས་ནས། དངུལ་རྩའི་རྨང་གཞིའི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་དང་། རྒྱུ་ནོར་བདག་གཉེར། འགན་བཅོལ་ཐོན་རྫས་བཅས་ཀྱི་ཉེན་ཁར་དྲན་སྐུལ་གྱི་དྲིལ་བསྒྲགས་བྱས་ཤིང་། གྱོད་དཔེ་དྲངས་ནས་ཁྲིམས་ལ་འགྲེལ་བཤད་བརྒྱབ་པ་བརྒྱུད་རྒན་གསོའི་ཁ་བསླུས་ཀྱི་རྒྱུན་མཐོང་གཡོ་ཐབས་ལ་འགྲེལ་བཤད་བརྒྱབ་པ་དང་རྒན་རྒོན་གྱིས“དངུལ་ཁུག”སྲུང་རྒྱུར་ཁྲིད་སྟོན་བྱས་ཏེ་རྒན་རྒོན་ཚོགས་སྤྱིའི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒན་གསོའི་དངུལ་རྩའི་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩས་རྒན་གསོའི་བྱ་གཞག་ལ་རྒྱབ་སྐྱོར་དང་དབུ་དཀར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་འགའ་ཞིག》བཏོན་པ་དང《མཚོ་སྔོན་ཞིང་ཆེན་གྱི་རྒན་གསོའི་དངུལ་རྩའི་ཞབས་ཞུའི་སྤུས་འབྲས་གདེང་འཇོག་ལམ་སྲོལ》བཟོས་ནས་ཁོངས་གཏོགས་ཁུལ་གྱི་དངུལ་རྩའི་སྒྲིག་གཞིར་གཅིག་གཏད་གཅིག་གི་མཛུབ་ཁྲིད་བྱས་ཏེ་རྒན་གསོའི་དངུལ་རྩའི་ཞབས་ཞུའི་རྨང་གཞི་བརྟན་དུ་བཏང་ཡོད། སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པ་དང་མཉམ་དུ་དངུལ་རྩའི་སྒྲིག་གཞིར་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་103དང་། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཕྱོགས་གསུམ་པའི་སྤྱི་ཚོགས་རྩ་འཛུགས་42 འཕྲོད་སྦྱོར་བཟའ་བཅའ་ཐོན་སྐྱེད་ཁེ་ལས་16བཅས་ཀྱི་མིང་ཐོ་སྤྲད་དེ། དངུལ་རྩའི་སྒྲིག་གཞིས་ཁྱོན་ཡོངས་ལ་ཁྱབ་པའི་མ་དངུལ་བསྡུ་སྒྲིལ་གྱི་བཅར་འདྲི་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་གནད་སྨིན་ལ་སྐུལ་འདེད་བཏང་ཡོད། “མཚོ་སྔོན་གྱི་ཡིད་རྟོན་དངུལ་རྩའི”ལས་སྟེགས་སུ་རྒན་གསོའི་དངུལ་རྩའི་ཁུལ་བཙུགས་ནས་གྲངས་འཛིན་གྱི་གཞི་གདན་བརྟན་པོ་ཞིག་བཏོད་ཡོད། 2025ལོའི་ཟླ་5ཚེས་9ཉིན་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་དངུལ་བུན་བསྐྱར་མའི་སྲིད་ཇུས་ལག་བསྟར་བྱས་ཚུན། ཞིང་ཆེན་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་རྒན་གསོའི་ཐོན་ལས་ཀྱི་དངུལ་བུན་སྒོར་ཁྲི་4458.67བཏང་བ་དང་ཆ་སྙོམས་སྐྱེད་ཚད་2.87%ཟིན་ཡོད། 2026ལོའི་ཟླ་8པའི་ཟླ་མཇུག་བར་ཞིང་ཆེན་དེའི་རྒན་གསོའི་ཐོན་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་ཁྲི་3723.57ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།