དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཏུའུ་ཧའེ་མིན་ཏང་གི་སྐྱིད་སྡུག་ནས་ཕུད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-20

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་དེ་སྔའི་ཏང་ཨུད་ཀྱི་ཨུ་ཡོན་དང་ཐིང་ཀྲང་གཞོན་པ་ཏུའུ་ཧའེ་མིན་གྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཏུའུ་ཧའེ་མིན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཕུགས་བསམ་དང་དད་སེམས་ཤོར་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས་ཏང་ལ་ལྷག་བསམ་རྣམ་དག་མེད་པ་དང་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱ་རྒྱུའི་ངན་སེམས་འཆང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་གཞུང་དོན་དྲང་གཞག་སྒྲུབ་པར་གནོད་སྲིད་པའི་ལག་རྟགས་དང་འབུལ་རྟེན་བླངས་པ། གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་སྒྲིག་འགལ་ངང་དང་ལེན་བྱས་པ། རྩ་འཛུགས་ཀྱི་རྩ་དོན་སྣང་མེད་དུ་འཇོག་པ་དང་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ། སྤྱོད་གཙང་གི་མཐའ་ཚད་ཤོར་ནས་རིན་མེད་ངང“ཕྱག་མཛོད་རྣམ་པའི”ཞབས་ཞུ་དང་ལེན་བྱས་ཏེ་མཱ་ཅང་རྒྱག་པར་བརྟེན་ནས་རྒྱུ་ནོར་བླངས་པ། ལས་ཀའི་འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་པ། ལོངས་སྤྱོད་ལ་ཞེན་ཆགས་ཀྱིས་འཚོ་བ་བག་མེད་ལོངས་སྤྱོད་སྐྱེལ་བ། སྒྲིག་ཁྲིམས་རྩིས་མེད་དུ་གཏོང་བ་དང་ཁྲིམས་སྒྱུར་བས་ཁྲིམས་ལས་འགལ་ཏེ་ཏང་དང་མི་དམངས་ཀྱིས་སྤྲད་པའི་སྤྱི་དོན་དབང་ཆ་སྒེར་ཕན་གཉེར་བའི་ཡོ་བྱད་དུ་བསྒྱུར་བ་དང་། རྒྱུ་དབང་བརྗེ་རེས་བྱས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་རྣམ་གྲངས་ལེན་རོགས་བྱེད་པ་སོགས་ཐད་ནས་ཁེ་ཕན་གཉེར་བ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་རེད།

    ཏུའུ་ཧའེ་མིན་གྱིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་ཚབས་ཆེན་གྲུབ་པ་དང་འབྲེལ་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པའི་དོགས་པ་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ད་དུང་མཚམས་དང་ཚོད་མི་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པ་འཚོགས་ཚུན་དུ་ད་དུང་སྔར་བཞིན་མཚམས་མི་འཇོག་པར་ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས་ཀྱི་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད། ཏུའུ་ཧའེ་མིན་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་གཏན་འབེབས་བྱས་པ་དང་། གཏན་འབེབས་ལྟར་ཁོ་པའི་ལོངས་སུ་སྤྱོད་པའི་ཐོབ་ཐང་མེད་པར་བཟོས་པ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་བ། ཁོ་པའི་ཉེས་གསོག་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་དང་འབྲེལ་ཡོད་རྒྱུ་ནོར་མཉམ་དུ་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།