དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་37.1ཟིན་པ།

    དུས་མཚུངས་ལས་4.8%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-20

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་37.1སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.8%འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་པ་བཏོད་པ་རེད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་གཏོང་ཐེངས་11511བཀོད་སྒྲིག་བྱས་པ་དེ་དུས་མཚུངས་ལས་5.3%འཕར་ཡོད་པ་རེད།ཀོང་ཀྲོའུ་དང་ཧྲེན་ཀྲེན་ནས་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཀྲུང་གོ་ནས་ལོ་སིའི་བར་གྱི་ལྕགས་ལམ་གྱིས་རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི་2584.5དང་མི་ཐེངས་ཁྲི་26.5སོ་སོར་སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་11.8%དང་37.8%འཕར་ནས། ཀྲུང་མོང་དང་། ཀྲུང་ཨུ། ཀྲུང་ཝེ། ཀྲུང་ཁྲའོ་བཅས་ཀྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བཀོད་སྒྲིག་ཡག་པོ་བྱས་ཏེ། “རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར”ལ་རམ་འདེགས་ནུས་ལྡན་བྱས་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་ཐེངས་2860བཏང་བ་དེ་དུས་མཚུངས་ལས་25.5%འཕར་ཞིང་། དེའི་ནང་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་1613དང་ཡུལ་སྐོར་ཆེད་སྤྱོད་ལྕགས་ལམ་མེ་འཁོར་ཐེངས་1247ཡོད་པ་རེད། “གླུ་གཞས་དབྱིངས་པའི་ཆེད་གཏོང་མེ་འཁོར”དང“སྤོ་ལོ་དབྱིངས་པའི་ཆེད་གཏོང་མེ་འཁོར”སོགས་མེ་འཁོར་ཐེངས་947བཏང་ནས། བཟའ་བཏུང་དང་། མགྲོན་ཁང་། རིག་གནས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།