རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བདུན་ལྷག་ཙམ་བསྡུས་ཟིན་པ།
སྟོན་འབྲུའི་ཐོན་འབབ་མང་བའི་དུས་ཀྱི་ཉོ་སྒྲུབ་གོ་རིམ་ལྡན་པའི་ངང་འགོ་ཚུགས་པ་དང་བར་སྨིན་དང་ཕྱི་སྨིན་འབྲས་ཏུན་ཁྲི་1800ཉོ་སྒྲུབ་ཟིན་པ།
ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལ་གཞིགས་ན། རྒྱལ་ཡོངས་ཀྱི་སྟོན་འབྲུ་བཅུ་ཆ་བདུན་ལྷག་ཙམ་བསྡུས་ཟིན་པའི་ནང་བྱང་ཤར་ས་ཁུལ་དུ་བཅུ་ཆ་དྲུག་ལྷག་ཙམ་བསྡུས་ཟིན་པ་དང་། རྨ་ཆུ་དང་ཧོའེ་ཧའེ་གཙང་པོ་དང་ལྷོ་ནུབ་ཁུལ་དུ་བཅུ་ཆ་བརྒྱད་ལྷག་ཙམ་བསྡུས་ཟིན་པ། ནུབ་བྱང་ཁུལ་དུ་བཅུ་ཆ་བརྒྱད་ལ་ཉེ་བ་བསྡུས་ཟིན་པ། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་བཅུ་ཆ་དྲུག་ལྷག་ཙམ་བསྡུས་ཟིན་པ། ཧྭ་ནན་ཁུལ་དུ་བཅུ་ཆ་གསུམ་ལྷག་ཙམ་བསྡུས་ཟིན་པ་བཅས་རེད། དེ་དང་ཆབས་ཅིག ས་གནས་ཁག་གིས་སྟོན་དགུན་གྱི་འདེབས་འཛུགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་དགུན་གྲོ་བཅུ་ཆ་གཅིག་དང་དགུན་འདེབས་པད་ཁ་བཅུ་ཆ་གསུམ་བཏབ་ཟིན་ཡོད།
གསར་འགོད་པར་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ནས་ཤེས་རྟོགས་བྱུང་གསལ། ས་གནས་ཁག་གི་སྟོན་འབྲུའི་ཐོན་འབབ་མང་བའི་དུས་ཀྱི་ཉོ་སྒྲུབ་གོ་རིམ་ལྡན་པའི་ངང་འགོ་ཚུགས་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། རིགས་ཁག་གི་གཉེར་སྐྱོང་བྱེད་པོས་བར་སྨིན་དང་ཕྱི་སྨིན་ཆུ་འབྲས་ཏུན་ཁྲི་1800ཉོ་སྒྲུབ་བྱས་ཟིན་པ་རེད།
མིག་སྔར་སྟོན་འབྲུ་བསྡུས་ཟིན་ནས་ཁྲོམ་རར་འདོན་འགོ་ཚུགས་པ་དང་། སྟོན་འབྲུའི་ཐོན་འབོར་གྱིས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབོར་གྱི་3/4ཙམ་བཟུང་བ་དང་། སྣ་ཁ་མང་བ་དང་། གྲངས་འབོར་ཆེ་བ། ཁྱབ་རྒྱ་ཆེ་བ་བཅས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་སྟོན་འབྲུ་ཉོ་སྒྲུབ་ལས་དོན་གྱི་སྤྱི་འདོམས་སྒྲིག་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲོམ་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་གསོག་ཉར་ལ་དམ་འཛིན་ཡག་པོ་བྱེད་པ། སྲིད་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ཏེ་ཞིང་པའི་འབྲུ་རིགས་འཚོང་ལམ་ཤར་བགྲོད་དང་ཁྲོམ་ར་འཁོར་སྐྱོད་བརྟན་པོ་ཐུབ་པའི་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།