དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི“གཅིག་མཐུན་ཚོགས་པ་བརྟན་པོ་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་གཅིག་སྡུད་བཅར་འདྲི་ཡུན་ནན་དུ་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-20

    2006ལོའི“གཅིག་མཐུན་ཚོགས་པ་བརྟན་པོ་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་གཅིག་སྡུད་བཅར་འདྲི་ཟླ་10ཚེས་17ཉིན་ཡུན་ནན་ཁུན་མིང་དུ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཐུན་མོང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་རེད། བཅར་འདྲི་ཚོགས་པས་སྡེ་ཁུལ་དང་གྲོང་ཚོ་དང་། ཞིང་ནང་དང་མུ་ཁ། མི་རིགས་རྟེན་མཛོད་ཁང་བཅས་སུ་བསྐྱོད་དེ། མི་རིགས་ཁག་དབར་གྱི་ཕན་ཚུན་ལྟ་སྐྱོང་དང་ཞི་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བཀོད་ནས། ཡུན་ནན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་པ་ཏང་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐོབ་པའི་གྲུབ་འབྲས་མངོན་པར་བྱ་རྒྱུ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་མཉམ་དུ་སྤེལ་བ་ཞིག་ཡིན་ཞིང་། ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་དང་ལས་རིགས་ཀྱི་སྨྱན་སྦྱོར་གཙོ་བོ་དང་དེ་བཞིན་ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་སྒྲིག་འཛུགས་བྱས་ཏེ་ཁུན་མིང་དང་། ཏེ་ཧུང་། ཕུའར་སོགས་སུ་བརྟག་ཞིབ་བཅར་འདྲི་བྱ་རྒྱུ་དང་བྱེད་སྒོ་དེ་ཟླ་10ཚེས་23ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།