རང་རྒྱལ་དུ་འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་ཁག་4མང་དུ་ཕྱིན་པ།
པེ་ཅིང་གི་དུས་ཚོད་ཟླ་10ཚེས་14ཉིན་གྱི་དགོང་མོ། ཧྥ་རན་སེའི་མཱ་སའེ་རུ་འཚོགས་པའི་རྒྱལ་སྤྱིའི་ཆུ་འདྲེན་འབུད་ཨུ་ལྷན་གྱི་རྒྱལ་སྤྱིའི་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་དོན་བདུན་པར་2026ལོའི(ཁག་བཅུ་གསུམ་པ)འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་མིང་ཐོ་དངོས་སུ་ཡོངས་བསྒྲགས་བྱས་ཤིང་། རང་རྒྱལ་གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་ཧོ་ནན་ཆིན་ཧོ་ཀོང་ལི་ཆུ་ཡུར(ཝུའུ་ལུང་ཁོའུ)དང་། ཀན་སུའུ་ཐའོ་ལའེ་ཆུ་བོའི་གཡུ་གཞོང་ཆུ་འདྲེན་མ་ལག ཅང་ཤིས་ཧྲང་རའོ་གྲོང་ཁྱེར་ཀོང་ཤིན་ཧོང་ཧྲ་ཆུ་ཡུར། ཧྥུའུ་ཅན་ཁྲང་ཐའེ་ལུང་ཅིན་ཀུའུ་ཕོའོ་ཆུ་འདྲེན་ལས་གྲྭ་བཅས་ཚང་མ་བདེ་བླག་ངང་མིང་ཐོའི་ནང་ཚུད་ཡོད། མིག་སྔའི་བར་རང་རྒྱལ་གྱི་འཛམ་གླིང་གི་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་བསྡོམས་འབོར་46ཟིན་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།