རྒན་བཀུར་སྤྱོད་བཟང་དར་སྤེལ་གཏོང་། བརྩེ་བ་ཟབ་མོ་ཁོང་ཚོར་འཆང་།

འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅི་གྲོང་ཁྱེར་ནཱ་ཡུང་རྫོང་ཡུས་ལུང་པཱ་གྲོང་རྡལ་བདེ་སྐྱིད་གླིང་སྡེ་ཁུལ་གྱི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ཡུལ་དུ་རྒན་རྒོན་ཚོས་ལག་པ་བརྐྱངས་ནས་དྲི་བར་ལན་རྒྱག་བཞིན་པ།

འདི་ནི་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཤིང་རེན་གྲོང་རྡལ་ཤུས་ཀྲོང་གྲོང་ཚོའི་ཅཱ་ཧོ་སློབ་གསོའི་རྟེན་གཞིར་འཁྲབ་སྟོན་པས་རྒན་རྒོན་ཚོར་ཁྲང་ཞི་འཁྲབ་བཞིན་པ།

འདི་ནི་ནང་སོག་རང་སྐྱོང་ལྗོངས་པའོ་ཐུའོ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་ཚོང་འདུས་ཐོག དང་བླངས་པས་རྒན་རྒོན་གྱི་སྐྲ་བཞར་བཞིན་པ།

འདི་ནི་ཧོ་ནན་ཞིང་ཆེན་ཁའེ་ཧྥུང་གྲོང་ཁྱེར་ཝེ་ཧྲེ་རྫོང་གི་དང་བླངས་པས་རྒན་གསོའི་ཞབས་ཞུའི་ལྟེ་གནས་སུ་རྒན་རྒོན་ཚོར་ཅའོ་ཙེ་སྐྱེལ་བ་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པ།
རྒན་རྒོན་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། 2024ལོའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་རྒན་རྒོན་དང་བླངས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ཏེ། རྒྱ་ཆེའི་རྒན་རྒོན་གྲོགས་པོ་ཚོར“རྒས་དུས་འཚོ་རྟེན་ཡོད་པ་དང། རྒས་དུས་སེམས་པ་སྐྱིད་པ། རྒས་དུས་ལས་རྒྱུ་ཡོད་པ”བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས། རྒན་བཀུར་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པས་རྒན་གཅེས་རྒན་རོགས་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད་ཅེས་གསུངས་པ་རེད།
རང་རྒྱལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་རིགས་ཁག་གི་རྒན་གསོའི་སྒྲིག་གཞི་དང་སྒྲིག་ཆས(གསོ་བཅོས་ཟུང་འབྲེལ་གྱི་སྒྲིག་གཞི་ཚུད་པ)ཁྲི་39.5དང་རྒན་གསོའི་ཉལ་ཁྲི་ཁྱོན་ཁྲི་767.9ཟིན་ཡོད། 2024ལོ་དང་2025ལོར་ཀྲུང་དབྱང་ནོར་སྲིད་ནས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་6བཏང་ནས་ས་གནས་ཁག་གིས་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ་རེད། མིག་སྔའི་བར་རྒྱལ་ཡོངས་སུ་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཁྲི་8.2ཟིན་ནས་ཉིན་ལྟར་རྒན་རྒོན་མི་ཐེངས་ཁྲི་400ལྷག་ཙམ་ལ་བཟའ་བཏུང་ཞབས་ཞུ་བསྒྲུབས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་བཀོད་པ་ལུགས་མཐུན་གྱི་བཟའ་བཏུང་ཞབས་ཞུའི་དྲ་རྒྱ་ཞིག་ཆགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།