ཀྲེ་ཅང་ཏུང་དབྱང་དུ། ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མས་ཤིང་བརྐོས་ལག་རྩལ་སྦྱོང་བ།

འདི་ནི་ཀྲེ་ཅང་ཀོང་ཞ་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱི་ཤིང་བརྐོས་དངོས་སྦྱོང་ཁང་དུ་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མས་ཆེད་ལས་དགེ་རྒན་གྱི་མཛུབ་ཁྲིད་འོག་ཏུང་དབྱང་གི་ཤིང་བརྐོས་ལག་རྩལ་སྦྱོང་བཞིན་པ།
ཀྲེ་ཅང་ཞིང་ཆེན་ཏུང་དབྱང་གྲོང་ཁྱེར་དུ་གནས་པའི་ཀྲེ་ཅང་ཀོང་ཞ་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་ཆེན་གྱིས་ཏུང་དབྱང་ཤིང་བརྐོས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་བརྟེན་ནས་ཀྲུང་ཧྥེའི་ཤིང་བརྐོས་ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཤིང་ཆ་དང་རྐོ་གྲི་ལ་བརྟེན་ནས་ཀྲུང་ཧྥེའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་རིག་གནས་ཀྱི་སྦྲེལ་ཟམ་ཞིག་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།