དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་ཀྲུང་གོའི་རི་ཁུལ་རྐང་འཁོར་གྱི་མཉམ་འབྲེལ་འགྲན་བསྡུར(བོད་ལྗོངས་ལྷོ་ཁའི་ས་ཚིགས)འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-20

    འདི་ནི་2026ལོའི་ཀྲུང་གོའི་རི་ཁུལ་རྐང་འཁོར་གྱི་མཉམ་འབྲེལ་འགྲན་བསྡུར(བོད་ལྗོངས་ལྷོ་ཁའི་ས་ཚིགས)འགོ་ཚུགས་པའི་གནས་ཚུལ་ཡིན་པ།

    ཟླ་10ཚེས་17ཉིན། 2026ལོའི་ཀྲུང་གོའི་རི་ཁུལ་རྐང་འཁོར་གྱི་མཉམ་འབྲེལ་འགྲན་བསྡུར(བོད་ལྗོངས་ལྷོ་ཁའི་ས་ཚིགས)ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་དུ་དངོས་སུ་འགོ་ཚུགས་པ་དང་འགྲན་བསྡུར་ཉིན་2བྱས་པ་རེད།

    ཉིན་དང་པོར་སྐྱེས་པ་དར་མ་དང་། བུད་མེད་དར་མ། གཞོན་ནུའི་ཚོགས་ཆུང་བཅས་དང་དེ་བཞིན་ཡོངས་བསྒྲགས་ཚོགས་ཆུང་གིས་བྱེས་བགྲོད་འགྲན་བསྡུར་བྱས་པར་ཡུན་ནན་རུ་ཁག་ལ་རྒྱལ་ཁ་མང་ཤོས་ཐོབ་སྟེ། སྐྱེས་པ་དར་མ་དང་། གཞོན་ནུ། བུད་མེད་དར་མ། གཞོན་ནུ་མ་བཅས་ཀྱི་ཨང་དང་པོ་བཞི་རག་ཡོད། བོད་ཀྱི་བདམས་ཐོན་པ་བསྟན་འཛིན་དབང་འདུས་ལ་གཞོན་ནུའི་ཚོགས་ཆུང་གི་ཨང་གཉིས་པ་དང་། བསྟན་འཛིན་སྒྲོལ་དཀར་ལ་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།