བོད་ཀྱི་མཐོ་སློབ་ཀྱི་སློབ་གསོ་སློབ་ཁྲིད་ལ་AIཡིས་མཐུན་རྐྱེན་སྦྱོར་བའི་གླེང་སྟེགས་གཉེར་བ།
ཟླ་10ཚེས་18ཉིན། བོད་ལྗོངས་སློབ་ཆེན་དུ་བོད་ཀྱི་མཐོ་སློབ་ཀྱི་སློབ་གསོ་སློབ་ཁྲིད་ལ་AIཡིས་མཐུན་རྐྱེན་སྦྱོར་བའི་གླེང་སྟེགས་གཉེར་བ་རེད། ད་ཐེངས་ཀྱི་གླེང་སྟེགས་ལ“AIཡིས་མཐུན་རྐྱེན་སྦྱོར་བ་དང་། གྲངས་རིག་མཉམ་འདྲེས། ཐུན་མོང་ཐོག་སྤུས་ཚད་མཐོར་གཏོང”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། དེ་ནི་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་མཐོ་སློབ་ལ་ཐོག་མར་ཕྱོགས་ནས་གཉེར་བའི་མི་ཐབས་རིག་ནུས་ཀྱིས་སློབ་གསོ་སློབ་ཁྲིད་ལ་མཐུན་རྐྱེན་སྦྱོར་བའི་རྩེར་སོན་གྱི་བགྲོ་གླེང་བྱེད་སྒོ་ཞིག་རེད།
གླེང་སྟེགས་དེ་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མཛུབ་ཁྲིད་བྱས་ཤིང་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་ཐབས་རིག་ནུས་ཐད་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་6གདན་དྲངས་ནས་སྲིད་ཇུས་ཀྱི་རྩེ་རིམ་ཇུས་འགོད་དང་། རིག་ལྡན་སློབ་ཚན་མ་ལག་འཛུགས་སྐྱོང་། AIཡི་གནད་སྨིན་སློབ་ཁྲིད་དོན་འཁྱོལ། དགེ་རྒན་གྱི་གྲངས་འཛིན་ནུས་པ་མཐོར་གཏོང་སོགས་ཐད་ནས་མ་ལག་རང་བཞིན་གྱི་བརྗོད་དོན་གཙོ་བོ་མཉམ་སྤྱོད་བྱས་པ་དང་། དུས་མཚུངས་ལྗོངས་ཕྱི་ནང་གི་མཐོ་སློབ་ཁག་གི་སློབ་ཁྲིད་དོ་དམ་འགན་འཁུར་བ་དང་འཐབ་ས་དང་པོའི་རྐང་འཛིན་དགེ་རྒན་མཉམ་དུ་འཛོམས་ཏེ་ས་མཐོའི་སློབ་གཉེར་གྱི་དཀའ་གནད་ལ་གཞིགས་ཏེ་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།