ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་མོ(2026)ཡི་བོད་རང་སྐྱོང་ལྗོངས་ཀྱི་བསྐྱར་འགྲན་དང“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་འགྲུལ་བཞུད”བྱེད་སྒོ་མཇུག་འགྲིལ་བ།
ཉེ་ཆར། དུས་ཡུན་ཉིན་བཞི་ཡི་ཀྲུང་གོ་རྒྱལ་སྤྱིའི་སློབ་གྲྭ་ཆེ་མོ་བའི་གསར་གཏོད་འགྲན་བསྡུར་ཆེན་མོ(2026)ཡི་བོད་རང་སྐྱོང་ལྗོངས་ཀྱི་བསྐྱར་འགྲན་དང“གཞོན་ནུའི་གསར་བརྗེའི་ཕུགས་འདུན་གཏོད་པའི་འགྲུལ་བཞུད”བྱེད་སྒོ་ལྷ་སར་མཇུག་འགྲིལ་ཞིང་། རིམ་པ་མང་བའི་ཛ་དྲག་འགྲན་བསྡུར་དང་དཔྱད་ཞིབ་ནན་པོ་བརྒྱུད། གསེར་གྱི་རྟགས་མའི་བྱ་དགའ་13དང་། དངུལ་གྱི་རྟགས་མའི་བྱ་དགའ་22 ཟངས་ཀྱི་རྟགས་མའི་བྱ་དགའ་34བཅས་ཐོན་པ་དང་། ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་བྱ་དགའ་13དང་ཕུལ་བྱུང་རྩ་འཛུགས་བྱ་དགའ་1དཔྱད་འདེམས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་ཞུགས་རུ་ཁག་ཁག་གིས་ས་མཐོའི་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ་དང་། བོད་ཀྱི་ཐུན་མིན་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མའི་སྐྱེད་སྲིང་ཁ་ཕྱོགས་ལ་གཞིགས་ནས། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་། དེང་རབས་སྐྱེ་དངོས་ལག་རྩལ་དང་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་། ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་ལེགས་གཏོང་། བོད་ལུགས་གསོ་རིག་དེང་རབས་ཅན་གྱི་ཞིབ་སྤེལ། མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གྲངས་འཛིན་སོགས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། “མཁའ་ལམ་ཐོག་གི་སོན་སྒྲུག་མཁན། མཚོ་བོད་ས་མཐོའི་སོན་སྤུས་ཐོན་ཁུངས་རྒྱུན་འཛིན་དང་ལྟ་སྲུང”དང“མཁའ་ལམ་གྱི་རིག་ནུས་སྲུང་ཕུབ། ཕུག་ལམ་རིག་ནུས་སྐོར་ཞིབ་སྐྱེ་ཁམས་འཕྲུལ་མིའི་གྲུབ་འབྲས་དང་གཞན་འགྱུར་དགོས་མཁོ”སོགས་མཚོན་བྱེད་རང་བཞིན་གྱི་ཕུལ་བྱུང་རྣམ་གྲངས་ཁག་གཅིག་ཐོན་ནས། སློབ་མ་གཞོན་ནུས་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གསར་གཏོད་ཀྱི་ལས་འགན་སྒྲུབ་སེམས་གང་ལེགས་མངོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།