དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་གཟའ་འཁོར་ཐོག་མའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-19

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་གཟའ་འཁོར་ཐོག་མའི་རིང་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་གཙོ་གནད་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི“གཤམ་སྤེལ་བཅུའི”ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་འདུ་ཤེས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྤེལ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པར་སྐུལ་མ་བཏང་ཡོད།

    ད་ཐེངས་ཀྱི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་ཁྱབ་རྒྱ་ཆེ་བ་དང་ཐེངས་གྲངས་མང་བ་མ་ཟད། མང་ཚོགས་ཀྱང་མང་པོ་ཞུགས་ཡོད། རིམ་རྩིས་བརྒྱབ་ན་ཞིང་ཆེན་ཡོངས་ཀྱིས་རིགས་ཁག་གི་སྒྲོག་འགྲེལ་བྱེད་སྒོ་ཐེངས་5160སྤེལ་བ་དང་། ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་170ལྷག་ཟིན་པ། སྒྲོག་འགྲེལ་ཁྱབ་ཚད་90%ལས་བརྒལ་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དང་། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་གཙོ་གནད་ཀྱི་འཐབ་ས་ཡོངས་ལ་ཁྱབ་ཡོད། གཞོན་ནུ་ལོ་ཆུང་ཚོགས་སྤྱིར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་རིགས་ཁག་གི་སློབ་གྲྭས་སྒྲོག་འགྲེལ་ཐེངས་1284སྤེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྐྱོང་ཤེས་བྱ་ཁྱབ་གདལ་བཏང་ནས་གཞོན་ནུ་ལོ་ཆུང་ལ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་འཛུགས་པར་ཁྲིད་སྟོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྗེས་གྲབས་སྟོབས་ཤུགས་ཆེ་རུ་བཏང་ཡོད། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་དམིགས་ཏེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་ནས་བཅའ་ཁྲིམས་ཁྱབ་གདལ་དང་སྒྲོག་འགྲེལ་ཐེངས་1297སྤེལ་ཏེ་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ནས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཆོས་ལུགས་ཞི་དུལ་ཡོང་བར་སློབ་གསོ་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།