དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་བསྐྱར་དར་ལམ་བུར་ཧུར་ཐག་བསྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-19


    འདི་ནི་ཟླ་10ཚེས་10ཉིན་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལྕགས་ཟམ་ཁ་རྫོང་དུ་པར་བརྒྱབ་པའི་ལྕགས་ཟམ་གྱི་ཟམ་སྣེ་ཤར་མ་ཡིན་པ།

    དམར་དམག་རྒྱང་སྐྱོད་དུས་སུ་སི་ཁྲོན་བརྒྱུད་སྐབས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ངོགས་སུ་སྐད་གྲགས་ཆོད་པའི་གཡུལ་ཐེངས་གཉིས་བཤམས་པ་སྟེ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཙན་བརྒལ་དང་ལྕགས་ཟམ་ཁ་མྱུར་དུ་བླངས་པ་གཉིས་རེད། ཨན་ཧྲུན་ཁྲང་གི་དཔའ་རྒོད་17གྱིས་གཙང་པོ་བཙན་བརྒལ་བྱས་པ་ནས་དཔའ་རྒོད་22ཀྱིས་ལྕགས་ཟམ་མྱུར་དུ་བླངས་པའི་བར། དམར་དམག་གིས་དཔའ་མཛངས་བརྟུལ་ཕོད་དང་འཆི་བར་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་གི་ནམ་ཡང་ཉམས་པ་མེད་པའི་ལེའུ་ཞིག་བརྩམས་ཡོད། ད་ཆ། བདེ་སྐྱིད་ཞི་འཇགས་ཀྱི་འཚོ་བ་ལོངས་སུ་སྤྱོད་པའི་ཀྲུང་གོ་བ་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་བསྐྱར་དར་ལམ་བུར་ཧུར་ཐག་བསྐྱོད་རྒྱུ་ནམ་ཡང་ཡིད་ལ་བརྟན་པོར་འཛིན་གྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།