དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཛེས་སྡུག་ལྡན་པའི་ཐའེ་ཡོན་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲེང་དབྱང་དབྱང་།   |     སྤེལ་དུས།  2026-10-19


    འདི་ནི་ཐའེ་ཡོན་ཧྥེན་ཧོ་འདམ་རའི་སྤྱི་གླིང་དུ་ཧྲེ་ལེ་ཟམ་པ་འགྱིང་ངེར་གནས་པ་དང་། དྭངས་གཙང་དལ་འགྲོ་དང་སྔོ་ལྗང་ལྗོན་ཤིང་གིས་གྲོང་ཁྱེར་གྱི་རིམ་པ་སྟར་ཆགས་ཐོག་ཁང་དང་གཅིག་ལ་གཅིག་བརྒྱན་དུ་གྲུབ་པའི་རྣམ་པ་ཡིན་པ།

    འདི་ནི་དྲ་གྲགས་མའོ་ཏུའོ་ཡིས་ཧྥེན་ཧོ་གཙང་འགྲམ་དུ་ཐད་གཏོང་བྱེད་བཞིན་པ།

    འདི་ནི་ཕྱི་རྒྱལ་གྱི་གྲོགས་པོ་ཚོས་ཐའེ་ཡོན་གྱི་ཅིན་རྒྱལ་རབས་མེས་པོའི་མཆོད་ཁང་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་དྲ་གྲགས་ཨན་ཏེ(གཡས་ཀྱི་གཉིས་པ)དང་གྲོགས་པོ་ཚོས་ཧྥེན་ཧོ་སྤྱི་གླིང་དུ་པར་རྒྱག་བཞིན་པ།

    འདི་ནི་ཐའེ་ཡོན་དབྱིང་ཙེ་ཟམ་ཆེན་དུ་གློག་སྒྲོན་གྱིས་བརྒྱན་པའི་རྣམ་པ་ཡིན་པ།

    ཧྲན་ཤིས་ཐའེ་ཡོན་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་རེད་ལ། ཅིན་རྒྱལ་རབས་ཀྱི་རིག་གནས་དང་ཧྲན་ཤིས་ཚོང་པའི་སྙིང་སྟོབས་ཀྱི་འབྱུང་ས་གཙོ་བོ་ཞིག་ཀྱང་རེད། དེ་གའི་ཤར་ནུབ་བྱང་གསུམ་རི་བོས་བསྐོར་བ་དང་ཧྥེན་ཧོ་གཙང་པོ་བྱང་རྒྱུད་ནས་ལྷོ་རྒྱུད་བར་རྒྱུག་ནས“ཕྱོགས་བཞི་རི་གསུམ་གྱིས་བསྐོར་བ་དང་ཆུ་བོ་གཅིག་གིས་ངོགས་གཉིས་འབྱེད་པའི”ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ནས། “མཛེས་སྡུག་ལྡན་པའི་ཐའེ་ཡོན་གྲོང་ཁྱེར”ཞེས་པའི་མཚན་སྙན་ལྡན་ཡོད། ད་ཆ་ཐའེ་ཡོན་ནི་སྐྱེ་ཁམས་བཟང་བ་དང་། གསོན་ཤུགས་ཀྱིས་ཁེངས་པ། གནའ་དེང་མཉམ་འདྲེས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཡིན་ཞིང་། དེ་ནས་གནས་འཕྲོད་དང་ ལས་འཚམ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་གྲོང་ཁྱེར་གྱི་ཁྱད་ཆོས་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།