དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་ཕུད་འགྲེམས་ཐོན་རྫས་གྲངས་འབོར་གྱིས་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨོའུ་དབྱང་ཅེ།   |     སྤེལ་དུས།  2026-10-19

    ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་ཟླ་11ཚེས་5ནས་ཚེས་10ཉིན་བར་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་པ་དང་། ཟླ་10ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ནང་འདྲེན་འགྲེམས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    “གྲ་སྒྲིག་ལས་དོན་ཁག་སྤྱིར་ན་ལེགས་གྲུབ་ཟིན་ཡོད། སྐབས་དེ་དུས་རྒྱལ་ཁབ་དང་ས་ཁུལ་དང་རྒྱལ་སྤྱིའི་རྩ་འཛུགས་162ཞུགས་རྒྱུ་དང་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་44ལས་ཐོག་མར་བརྒལ་རྒྱུ་རེད” ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཡན་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཀྱིས་ཁྲོམ་ར་ཅན་དང་། ཁྱད་ལྡན་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་དང་ཁྱད་ཆོས་3ལྡན་ཡོད་པ་རེད།

    སྒོ་དབྱེའི་རྣམ་པ་དེ་བས་མངོན་གསལ་དོད་པ། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཀྱི་རྒྱལ་ཁབ་འགྲེམས་སྟོན་ཐོག་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་69ཞུགས་རྒྱུའི་ཡིད་དབང་བཀུག་ནས་བྱེད་པོའི་གྲངས་འབོར་ན་ནིང་ལས་བརྒལ་ཡོད། ཁ་ན་ཏ་དང་སི་རི་ལན་ཁ་གཉིས་གཙོ་མགྲོན་རྒྱལ་ཁབ་དང་། མོལ་དོ་ཝ་དང་རོ་མ་ནི་ཡ་སོགས་རྒྱལ་ཁབ་5དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཐེངས་དང་པོར་འགྲེམས་སྟོན་ལ་ཞུགས་རྒྱུ་རེད། ཁེ་ལས་འགྲེམས་སྟོན་ཐོག ཨ་རིའི་ཁེ་ལས་ཀྱི་འགྲེམས་ཞུགས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5ལྷག་ཙམ་ཟིན་ནས་སྐབས་8བསྟུད་མར་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ་དང་ན་ནིང་ལས་སྨི་ངོས་གྲུ་1500ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ་གཉེར་བའི་ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཐོག《ཀྲུང་གོར་ཕྱིར་གཏོང་བྱེད་ནུས་ཀྱི་འཕེལ་རྒྱས་སྙན་ཞུ》གསར་དུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད།

    གསར་གཏོད་ཀྱི་སྒུལ་ནུས་དེ་བས་ཆེ་བ། འཛམ་གླིང་གི་ཁེ་ལས་རྩེ་གྲ་500དང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་300ལས་ཐེངས་དང་པོར་བརྒལ་བ་དང་། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པོ་ཚང་མར་ཞུགས་མཁན་ཁེ་ལས་དང་སྒྲིག་གཞི་200ཙམ་ཟིན་ཞིང་། འགྲེམས་སྟོན་ལ་ཐེངས་དང་པོར་ཞུགས་མཁན་ཁེ་ལས་2000ལྷག་ཙམ་ཟིན་ཡོད། མིག་སྔའི་བར། གོ་ལ་ཧྲིལ་པོར་ཕུད་འགྲེམས་དང་། ཨེ་ཤེ་ཡར་ཕུད་སྟོན། ཀྲུང་གོར་ཕུད་ངོམ་བཅས་ཀྱི་ཚབ་མཚོན་རང་བཞིན་གྱི་འགྲེམས་རྫས་480ལྷག་ཙམ་ཟིན་ནས་སྐབས་རིམ་བྱུང་ལས་མང་ཤོས་སུ་སླེབས་ཡོད་པ་རེད།

    མཉམ་སྤྱོད་རང་བཞིན་དེ་བས་མངོན་གསལ་དོད་པ། མཉམ་འབྲེལ་རྒྱལ་ཚོགས་ཚོང་དོན་འཕེལ་རྒྱས་ཚོགས་འདུ་དང་མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་སོགས་རྒྱལ་སྤྱིའི་རྩ་འཛུགས་6འགྲེམས་ཚོགས་ལ་ཞུགས་རྒྱུ་དང་། སྡེ་ཚན་ཁག་དང་ས་གནས་ཁག་གིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་ཉོ་ཚོང་ཚོགས་པ་40ལྷག་ཙམ་དང་ཉོ་ཚོང་ཡན་ལག་ཚོགས་པ་600ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ནས་ལྟ་སྐོར་ཉོ་སྒྲུབ་བྱེད་རྒྱུ་ཡིན་པ་རེད།

    སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཀྱི་ཁེ་ལས་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་37ལས་ཐོག་མར་བརྒལ་བ་དང་། རྒྱལ་ཁབ་དང་ས་ཁུལ་148ཀྱི་ཁེ་ལས་4142འགྲེམས་སྟོན་ལ་ཞུགས་ཏེ་ཁེ་ལས་ཞུགས་གྲངས་སྐབས་རིམ་བྱུང་ལས་མང་ཤོས་ཡིན་པ་རེད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤའོ་ལུའུ་ཡིས། སྨན་བཅོས་ཡོ་བྱད་དང་སྨན་བཅོས་འཕྲོད་སྦྱོར་དང་། འཛད་རྫས། བཟའ་བཅའི་ཞིང་ལས་ཐོན་རྫས་བཅས་འགྲེམས་ཁུལ་ཆེན་པོ་གསུམ་ཕྱོགས་ཡོངས་ནས་རྒྱ་ཆེར་བཏང་ཡོད། ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཐོན་རྫས་ཆེད་དོན་འགྲེམས་ཁུལ་སྔར་བས་རིམ་སྤོར་བྱ་རྒྱུ་ཡིན་པས། ཨ་ཧྥེ་རི་ཁའི་ཁེ་ལས་ཀྱི་འགྲེམས་ཞུགས་རྒྱ་ཁྱོན་བརྟན་པོར་འཕར་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཁག་ལ་མཁོ་སྤྲོད་བྱས་པའི་རིན་མེད་འགྲེམས་གནས་རྒྱ་ཁྱོན་17%འཕར་རྒྱུ་ཡིན་པ་རེད། ཕྱོགས་ཡོངས་ནས་སྒྲ་ཚད་ལེན་ཐུབ་པའི་མིས་བཟོས་རྣ་འཁྱིལ་དང་། 6Gམཐའ་སྣེའི་མ་དབྱིབས་འཕྲུལ་ཆས། མཉེན་འགྱུར་དང་གཏེར་འགྱུར་དུས་མཉམ་དུ་བྱེད་ཐུབ་པའི་ཆུ་གཙང་གསིང་མ་ལག་སོགས་ཚབ་མཚོན་རང་བཞིན་ལྡན་པའི་གོ་ལ་ཧྲིལ་པོའི་ཕུད་འགྲེམས་ཐོན་རྫས་200ལྷག་ཙམ་འགྲེམས་སྟོན་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ནང་འདྲེན་འགྲེམས་ཚོགས་ཀྱི་ཧྲང་ཧའེ་ཚོགས་འདུའི་བྱེད་སྒོའི་ཐོག་འགྲེམས་ཞུགས་ཚོང་པ་ཁག་ལ་ནུས་ཆེའི་སྤེལ་རེས་མཉམ་འགུལ་ལས་སྟེགས་བཙུགས་ཡོད། ཧྲང་ཧའེ་གྲོང་ཁྱེར་ཚོང་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་ཝེ་ཧྭ་ཡིས། མིག་སྔར་ཚོགས་འདུའི་བྱེད་སྒོ་ཐེངས་བརྒྱ་ཙམ་གྲ་སྒྲིག་བྱས་ནས་ཁེ་ལས་ཕྱི་རྒྱལ་དུ་སྐྱོད་པ་དང་འབོར་ཆེའི་ཚོང་ཟོག་གི་རིན་གོང་སྟོན་གྲངས་སོགས་ཀྱི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱེད་རྒྱུ་དང་ཆབས་ཅིག གྲངས་གཞི་རྒྱལ་སྒྲོལ་གྱི་སྲོལ་མཐུན་ལས་སྟེགས་དང་། ཧྲང་ཧའེ་རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པའི”གྲངས་འཛིན་ཡིད་རྟོན་འགན་བཅོལ་ཆེད་དོན་ཁུལ་སོགས་བྱེད་ནུས་རང་བཞིན་གྱི་གཞི་རྟེན་བཏོན་ནས། མཉམ་ལས་རྣམ་གྲངས་ཁག་གཅིག་གཅིག་སྡུད་ཐོག་གན་རྒྱ་འཇོག་པར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།