སྤྲོ་སྣང་དོད་པའི་ཚན་རྩལ་དུས་ཆེན་ཐོག་ལག་པ་སྒུལ་ནས་ཚན་རིག་ལེགས་པར་སྦྱོང་།

འདི་ནི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སློབ་འབྲིང་དང་པོའི་ལོ་རིམ་བདུན་པའི་སློབ་མས་ཚན་རྩལ་དུས་ཆེན་ཐོག་རྒྱང་གཅུན་རིག་ནུས་འཕྲུལ་ཁྱི་བཀོལ་སྤྱོད་བྱེད་བཞིན་པ།
ཉེ་ཆར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སློབ་འབྲིང་དང་པོས་གཉེར་བའི་ཚན་རྩལ་དུས་ཆེན་སྐབས་གསུམ་པའི་ཐོག་སློབ་མ་ཚོས་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་གི་སྤྲོ་འཕེལ་ཚོད་ལྟའི་ནང་ཞུགས་ཏེ། དགོད་སྒྲའི་ཁྲོད་ནས་ཚན་རིག་ཤེས་བྱ་སྦྱངས་པ་དང་ཚན་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་ནས་འཚོལ་ཞིབ་ཀྱི་ཕུགས་འདུན་འགྲུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།