བསྡུས་གསལ་གསར་འགྱུར།
ཉེ་ཆར། 2026ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད—བོད་དུ་སྐྱོད་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ཁྲེང་ཚང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་སྦྲགས། བྱེད་སྒོའི་ཞིབ་བཤེར་ཚོགས་ཆུང་ལ་དར་ཆ་ཡང་སྤྲད་གནང་བ་རེད།
ཉེ་ཆར། འཛམ་གླིང་གི་འབྲུ་རིགས་ཉིན་མོ་ཐེངས་46པ་ཤར་བ་དང་། དེ་ཉིན་བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་འཛམ་གླིང་གི་འབྲུ་རིགས་ཉིན་མོ་དང་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་རང་སྐྱོང་ལྗོངས་གཞོན་ནུ་ལོ་ཆུང་ཁྲིམས་སྐྱོང་སློབ་གསོ་ལྟེ་གནས་ཀྱིས་གཉེར་འགན་འཁུར་བའི་རྒྱལ་ཡོངས་ཀྱི་སློབ་མས“རྩ་ཁྲིམས་སྦྱོང་བ་དང་རྩ་ཁྲིམས་ཤོད་པའི”བྱེད་སྒོ་སྐབས་བཅུ་གཅིག་པའི་ཁྲིམས་སྐྱོང་བྱང་ཚད་ནུས་པའི་འགྲན་བསྡུར་ཆེན་མོའི་བོད་ཀྱི་འགྲན་ཁུལ་གྱི་སྤྱིའི་མཐའ་བསྡུར་ལྷ་སར་གཉེར་བ་དང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་ཕུལ་བྱུང་བདམས་ཐོན་པ་40ཡིས་འགྲན་བསྡུར་བྱས་པ་རེད།
ཚེས་17ཉིན། “དགེ་རྒན་རྣམ་པས་མི་ཐབས་རིག་ནུས་བརྟེན། རིག་ལྡན་སློབ་གསོས་སྐལ་བཟང་མེ་ཏོག་གསོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་དགེ་རྒན་གྱི་མི་ཐབས་རིག་ནུས་གསར་གཏོད་བཀོལ་སྤྱོད་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་མཐའ་བསྡུར་ལྷ་ས་དགེ་འོས་སློབ་གླིང་དུ་བྱས་ཤིང་། དེའི་དམིགས་ཡུལ་ནི་འགྲན་བསྡུར་ལ་བརྟེན་ནས་ཞིབ་འཇུག་ལ་སྐུལ་འདེད་དང་། འགྲན་བསྡུར་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་འདེད། འགྲན་བསྡུར་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་བཅས་བཏང་སྟེ། མི་ཐབས་རིག་ནུས་ལག་རྩལ་སློབ་ཁང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་རྒྱུན་རྣམ་ཅན་དང་གཏིང་ཟབ་ངང་མཉམ་འདྲེས་ཐུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ཡིན་ཞིང་། འགྲན་ཡུན་ཉིན་2ཡིན་པ་རེད།
ཚེས་17ཉིན། 2026ལོའི་ཀྲུང་གོའི་རང་བྱུང་བྲག་འཛེག་རིམ་སྤེལ་འགྲན་བསྡུར(བོད་ལྗོངས་ས་ཚིགས)ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཀེའུ་ཚང་རང་བྱུང་བྲག་ལྡེབས་སུ་འགོ་ཚུགས་པ་རེད། དུས་ཡུན་ཉིན་གཉིས་ཀྱི་འགྲན་བསྡུར་ནང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བྲག་འཛེག་བདམས་ཐོན་པ་55ཞུགས་པའི་ཡིད་དབང་བཀུག་པ་དང་བདམས་ཐོན་པ་ཚོས་ཆེད་ལས་ཚོགས་ཆུང་དང་ཡོངས་བསྒྲགས་ཚོགས་ཆུང་གཉིས་སུ་ཤེད་ཤུགས་དང་། སྙུག་ཤེད། རྩལ་ནུས་བཅས་ཀྱི་འགྲན་བསྡུར་བྱ་རྒྱུ་རེད།
ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དུས་ཐེངས་ཉེར་བཞི་པའི“ཧི་མ་ལ་ཡའི་སྤྱི་ཚོགས་ཚན་རིག་སློབ་ཚན་ཆེན་མོ”ལྷ་སར་འཁྲིད་འགོ་ཚུགས་པ་རེད།
འབྲེལ་ཡོད་གསར་འགྱུར།