སྤྲོ་སྣང་ལྡན་པའི་དུས་ཆེན། སྐྱིད་སྣང་དོད་པའི་རྒན་རྒོན།
རང་ལྗོངས་ཀྱི་ས་གནས་ཁག་ཏུ་རྒན་བཀུར་རྒན་གཅེས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཆོས་ལུང་དགོན་པ་གྲོང་ཚོར་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་ལོ་ན་མཐོ་བའི་རྒན་རྒོན་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲ་བཞི་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་དོན་པས་རྒན་རྒོན་མང་ཚོགས་ལ་ཁྲག་ཤེད་ལྟ་བ་དང་བདེ་ཐང་གི་ཆ་འཕྲིན་ཐོ་འགོད་བཞིན་པ།

འདི་ནི་ཁྲེང་ཀོན་ཆུས་དྲིན་ཚོར་གླིང་སྡེ་ཁུལ་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་ས་ཚིགས་ཀྱི་རྒན་རྒོན་ཚོས་ལྟད་མོ་ལྟ་བཞིན་པ།
དགུ་པའི་ཚེས་དགུའི་དུས་ཆེན་སྐབས་ས་མཐོའི་གང་ས་ནས་རྒན་བཀུར་གྱི་བརྩེ་བ་ཟབ་མོ་མངོན། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རྒན་བཀུར་རྒན་གཅེས་དང་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒན་རྒོན་ལ་སེམས་ཁུར་དང་དྲོ་སྐྱིད་སྦྱིན་ཐོག་ལྗོངས་ཡོངས་སུ་རྒན་བཀུར་དགེ་སྒྲུབ་དང་ཁྱིམ་མཚེས་དབར་འཆམ་མཐུན་གྱི་ཡ་རབས་བཟང་པོའི་རྣམ་པ་བཏོད་ཡོད།
ཟླ་10ཚེས་16ཉིན། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་རང་སྐྱོང་ལྗོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“དུས་ཆེན་དགའ་གཏོང་གིས། རྒན་རྒོན་གྱི་ལུས་ཁམས་གསོ”ཞེས་པའི་ཚན་རིག་དང་མཐུན་པའི་ལུས་སྦྱོང་དང་རྒན་རྒོན་གྱི་ཁམས་གསོའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཚེ་གསུམ་ཐང་སྡེ་ཁུལ་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ལུས་སྦྱོང་དགེ་རྒན་གྱིས་ས་མཐོར་མཐུན་འཕྲོད་ཀྱི་སྤྱི་ཕན་ལུས་སྦྱོང་སློབ་ཁྲིད་བྱས་པ་དང་། རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་ལ་དམིགས་ནས་ཚན་རིག་དང་མཐུན་པའི་ངང་སྦྱོང་བརྡར་གྱི་དཀའ་ཚད་ཆུང་དུ་གཏོང་བ་དང་། སྦྱོང་བརྡར་གྱི་མྱུར་ཚད་འགོར་དུ་གཏོང་བ། ཚང་མའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་དམར་ཁྲིད་བྱས་པ་རེད། ས་མཐོའི་རྒན་རྒོན་གྱི་ཚན་རིག་དང་མཐུན་པའི་ལུས་སྦྱོང་གི་ཆེད་དོན་འཆད་ཁྲིད་བྱས་ཏེ་ས་མཐོའི་དམིགས་བསལ་ཁོར་ཡུག་ལ་གཞི་ཚུགས་པ་དང་རྒན་རྒོན་གྱི་ཚན་རིག་དང་མཐུན་པའི་ལུས་སྦྱོང་གི་གཙོ་གནད་དང་། རྒྱུན་གཏན་གྱི་ལུས་པོ་གསོ་ཐབས། གཅོང་ནད་གསོ་ཐབས། ས་མཐོའི་ལུས་སྦྱོང་གི་འཛེམ་བྱ་སོགས་ཀྱི་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་འགྲེལ་བཤད་བརྒྱབ་སྟེ། རྒན་རྒོན་ལ་རང་འགུལ་ངང་བདེ་ཐང་ལ་དོ་སྣང་དང་ཚན་རིག་དང་མཐུན་པའི་ལུས་སྦྱོང་གི་འཚོ་བའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་པ་རེད།
ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་རྫོང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ“སྤྲོ་སྣང་ལྡན་པའི་དབུ་དཀར། ང་ཚོའི་དུས་ཆེན་—དགུ་པའི་ཚེས་དགུའི་དུས་ཆེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲོ་སོབ་སོབ་ཀྱི་རྣམ་པ་མངོན་ཞིང་། ཤིང་འབྲས་སོས་པ་དང་ཞལ་ཏོག་སྣ་ཚོགས་འགྲིག་པ་དང་། ཚང་མས་མཉམ་དུ་སྐྱེས་སྐར་གྱི་གླུ་གཞས་བླངས་ནས་ལོ་ན་མཐོ་བའི་རྒན་རྒོན་ལ་སྨོན་འདུན་བཟང་པོ་ཞུས་པ་དང་མཉམ་དུ་སྒོ་ངའི་བག་ལེབ་བཟས་ཏེ་རྒན་རྒོན་ཚོར་མཉམ་སྡེབ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་དུ་བཅུག་པ་རེད།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའུ(དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས)དང་རྫོང་ཨུད་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་རྫ་སྲིབ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དང་མཉམ་དུ་རྫ་སྲིབ་གྲོང་རྡལ་གེ་དམར་ཐང་སྡེ་ཁུལ་གྱི་གྲོང་གསེབ་བདེ་སྐྱིད་ཁང་དུ“ང་ཚོའི་དུས་ཆེན། དགུ་པའི་ཚེས་དགུའི་དུས་ཆེན”ཞེས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲོ་སྐྱིད་ལྡན་པའི་རྣམ་པ་མངོན་ཞིང་། དང་བླངས་པས་དུས་ཆེན་གྱི་སྒོ་ངའི་བག་ལེབ་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་རྒན་རྒོན་ཚོ་མཉམ་དུ་རུབ་ནས་དགའ་འོས་པའི་དུས་དེ་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གླེང་ནས་རྒན་རྒོན་ཚོར་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་དང་ཐུགས་ཁུར་དངོས་འབྲེལ་ཚོར་དུ་བཅུག་པ་རེད།
ལྷུན་རྩེ་རྫོང་ཨུད་རྩ་འཛུགས་པུའུ(ལས་བྱེད་པ་རྒན་གྲས་ཅུས)ཡིས་སྣེ་ཁྲིད་དེ“དགུ་པའི་ཚེས་དགུའི་དུས་ཆེན། དྲོ་སྐྱིད་ལྡན་པའི་ཚེ་མཇུག”ཅེས་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་གཙོ་གནད་ཐོག་ལོ་ན་མཐོ་བའི་ཁེར་སྡོད་དང་། གཟུགས་པོ་གཅོང་བ། འཚོ་བར་དཀའ་ངལ་ཡོད་པ་བཅས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་བྱས་ཏེ་རྒྱུན་གཏན་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་འཚམས་འདྲིའི་དངུལ་ཁྱོན་སྒོར་ཁྲི་2.5སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།