རང་རྒྱལ་གྱི་ཏུན་ཁྲི་བརྒྱ་རིམ་པའི་གར་ཚད་དམའ་བའི་CCUSཡི་འཁོར་འབྲེལ་ཧྲིལ་པོའི་དཔེ་སྟོན་ལས་གྲྭ་ཐོག་མ་ལས་འགོ་ཚུགས་པ།
ཟླ་10ཚེས་16ཉིན། རང་རྒྱལ་གྱི་ཏུན་ཁྲི་བརྒྱ་རིམ་པའི་གར་ཚད་དམའ་བའི་CCUS(དབྱང་གཉིས་ཐཱན་འགྱུར་འཚོལ་བསྡུ་བྱས་ནས་བེད་སྤྱོད་དང་ཉར་ཚགས)ཡི་འཁོར་འབྲེལ་ཧྲིལ་པོའི་དཔེ་སྟོན་ལས་གྲྭ་ཐོག་མ་ཧྲེང་ལེ་སྣུམ་ཞིང་དུ་སྐྲུན་འགོ་ཚུགས་པ་རེད། རྣམ་གྲངས་བསྐྲུན་རྗེས་རྡོ་སོལ་གློག་ཁང་གི་གར་ཚད་དམའ་བའི་དུ་རླངས་གཅིག་སྡུད་ཐོག་སྤྱད་དེ་སྣུམ་ཞིང་གི་སྣུམ་འབུད་དང་ཉར་ཚགས་ཐད་སྤྱོད་རྒྱུ་རེད། རྣམ་གྲངས་དེས་ལྗང་མདོག་གློག་གཏོང་མ་ལག་གི་ཐད་ཀར་ཐཱན་མཁོ་འདོན་བྱེད་པའི་འཚོལ་བསྡུའི་སྒྲིག་ཆས་ཐོག་མར་བཏོད་དེ“ལྗང་གློག་ཐད་སྦྲེལ་དང་ཐཱན་ཉུང་འཚོལ་བསྡུ་གཅིག་སྡུད”མངོན་འགྱུར་བྱུང་ནས་རང་རྒྱལ་གྱི“ཐཱན་གཉིས”དམིགས་ཚད་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།