དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧྭ་གློག་བོད་ལྗོངས་ནོར་བུ་སའི་དུས་ཐེངས་གཉིས་པའི་རླུང་གསོག་རྣམ་གྲངས་ཀྱི་རླུང་འཁོར་དང་པོ་སྒྲིག་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-19

    ཉེ་ཆར། ཚངས་ཐིག་སྨི་200ཟིན་པའི་རླུང་གཤོག་སྨི་བརྒྱའི་བར་སྣང་དུ་འཕྲུལ་ཚང་ནང་སྦྲེལ་མཐུད་ཐུབ་པ་དང་བསྟུན་ནས། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་དུ་གནས་པའི་ཧྭ་གློག་བོད་ལྗོངས་ནོར་བུ་སའི་དུས་ཐེངས་གཉིས་པའི་རླུང་གསོག་རྣམ་གྲངས་ཀྱི་རླུང་འཁོར་དང་པོ་བདེ་བླག་ངང་སྒྲིག་ཟིན་པ་དེ་ཐོག་ནས་རྣམ་གྲངས་ཕྱོགས་ཡོངས་ནས་རླུང་འཁོར་སྒྲིག་སྦྱོར་གྱི་ལྟེ་བའི་འགག་སྒྲོལ་དུས་མཚམས་སུ་སླེབས་པ་མཚོན་ཡོད། རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོར་བཏང་བའི་གློག་ནུས་གཙང་མ་དེ་ཚད་ལྡན་རྡོ་སོལ་ཏུན་ཁྲི་9ཙམ་གྲོན་ཆུང་ཐུབ་པ་དང་གཅིག་མཚུངས་ཡིན་ཞིང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་25ཙམ་ཉུང་དུ་གཏོང་ཐུབ་རྒྱུ་རེད།

    ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག རྣམ་གྲངས་ཚོགས་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ཞིང་། ལས་འགོ་བཙུགས་ཚུན། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་410ཨར་ལས་ལ་ཞུགས་པར་སྐུལ་ཁྲིད་དང་། མང་ཚོགས་ཀྱི་སྐྱེལ་འདྲེན་རླངས་འཁོར་ཐེངས་244སྒྲིག་འཛུགས། ས་གནས་དེ་གའི་བྱེ་རྡོ་དང་ཨར་འདམ་སོགས་ཀྱི་ཨར་ལས་རྒྱུ་ཆ་སྔོན་ལ་ཉོ་སྒྲུབ་བཅས་བྱས་པས། མང་ཚོགས་ལ་འབབ་འཕར་བྱུང་བ་དང་ས་གནས་ལ་སྒོར་ཁྲི་1170ཡི་དཔལ་འབྱོར་འཕེལ་རྒྱས་བྱུང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།