རང་ལྗོངས་ཀྱི་མཐོ་གསར་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་93ཟིན་པ།
ཚེས་16ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོ་བར། རང་ལྗོངས་ཀྱིས་མཐོ་གསར་ཁུལ་གྱི་ནོར་སྲིད་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་ལས་བརྒལ་བ་བཏང་ཞིང་། ལྗོངས་ཡོངས་ཀྱི་མཐོ་གསར་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་93ལས་བརྒལ་བ་དང་། རིམ་ཁག་གསར་གཏོད་ལས་སྟེགས་སྣ་ཚོགས་20ལྷག་ཙམ་ཟིན་པ། མཐོ་གསར་ལག་རྩལ་ཁེ་ལས་126དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་452ཟིན་པ། ལག་རྩལ་ཉོ་ཚོང་གན་རྒྱ་120གཏན་འཁེལ་ཐོ་འགོད་བྱས་པ། བཙོངས་འབོར་སྒོར་དུང་ཕྱུར་3ཙམ་ཟིན་པ་བཅས་རེད།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཉེ་ཞའོ་ཝེ་ཡིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཚན་རྩལ་དང་། སློབ་གསོ། ཐོན་ལས། ཤེས་ལྡན་པ། ལས་སྟེགས། དངུལ་རྩ་སོགས་གསར་གཏོད་ཀྱི་གཙོ་རྒྱུ་ལྗོངས་ཡོངས་ཀྱི་མཐོ་གསར་ཁུལ་ཁག་ཏུ་མགྱོགས་མྱུར་གཅིག་སྡུད་ཐུབ་སྟེ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ཚོང་དོན་དང་། མ་རྩའི་ཁྲོམ་ར། ཆེད་ལས་ལག་རྩལ་ཞབས་ཞུ་བཅས་འཕེལ་རྒྱས་ཕྱིན་ནས། གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་མྱུར་བ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་རིམ་བཞིན་གྲུབ་པའི་རྣམ་པ་བཟང་པོ་མངོན་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།