རང་ལྗོངས་ཀྱིས་2025—2026སློབ་ལོའི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བའི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་རོགས་དངུལ་ཕྱོགས་ཡོངས་ནས་སྤྲོད་འགོ་ཚུགས་པ།
ཁ་གསབ་མ་དངུལ་སྒོར་ཁྲི་8893ལྷག་ཙམ་ཟིན་ནས་སློབ་མ་ཁྲི་1.7ལྷག་ཙམ་ལ་ཕན་པ་ཐོབ་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་2025—2026སློབ་ལོའི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བའི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་ཐོབ་ཐང་ལ་ཞིབ་དཔྱད་དང་མ་དངུལ་ལ་ཞིབ་མཆན་འགོད་པའི་ལས་དོན་ལེགས་གྲུབ་ཟིན་པ་དེ་ཐོག་ནས་རང་ལྗོངས་ཀྱི་2025—2026སློབ་ལོའི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བའི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་མ་དངུལ་སྤྲོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྲིད་ཇུས་དེ་ཐེམ་ཁུངས་བོད་ནས་ཡིན་པའི་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བར་ཁྱབ་པ་དང་། དེར་སློབ་ཡོན་དང་། ཉལ་ཁང་གི་རིན་པ། དེབ་རིན་བཅས་རྩ་ཆག་གཏོང་རྒྱུ་མ་ཟད། འཚོ་བའི་ཁ་གསབ་ཀྱང་སྤྲོད་རྒྱུ་དང་ཁ་གསབ་མ་དངུལ་དེ་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས)བཅས་རིམ་གསུམ་ནོར་སྲིད་ཀྱིས་མཉམ་དུ་འགན་འཁུར་རྒྱུ་རེད། བསྡོམས་རྩིས་ལ་གཞིགས་ན། སློབ་ལོ་འདིར་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ནོར་སྲིད་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི་8893ལྷག་ཙམ་ཟིན་ནས་ལྗོངས་ཡོངས་ཀྱི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་གི་སློབ་གྲྭ་ཆེ་མོ་བ་17262ལ་ཕན་པ་ཐོབ་ཡོད། དེའི་ནང་ལྗོངས་ཕྱིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་རོགས་སྐྱོར་ཐོབ་པའི་སློབ་མ་11694ལ་མ་དངུལ་སྒོར་ཁྲི་6868ལྷག་ཙམ་སྤྲད་པ་དང་ལྗོངས་ནང་ཁུལ་གྱི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་རོགས་སྐྱོར་ཐོབ་པའི་སློབ་མ་5568ལ་མ་དངུལ་སྒོར་ཁྲི་2025སྤྲད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།