གངས་ལྗོངས་ཀྱི་མཐའ་མཚམས་སུ་ལང་ཚོ་སྐྱེས་སུ་འབུལ།

འདི་ནི་ཕུ་མ་བྱང་ཐང་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱལ་དར་སྒྲེང་བཞིན་པ།

འདི་ནི་ཕུ་མ་བྱང་ཐང་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ལི་ཧུང་ཡན་གྱིས་སྐོར་ཞིབ་ལམ་བར་དུ་ངལ་གསོ་རྒྱག་ཞོར་མེ་ཏོག་ལ་པར་རྒྱག་བཞིན་པ།

འདི་ནི་ཕུ་མ་བྱང་ཐང་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ལྗིད་ཐེག་རླངས་འཁོར་འདོན་རོགས་བྱེད་བཞིན་པ།

འདི་ནི་ཕུ་མ་བྱང་ཐང་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་བསྟན་འཛིན་རྣམ་རྒྱལ(གཡོན)གྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།
ས་བབ་སྨི་5373ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཕུ་མ་བྱང་ཐང་ཤང་དུ། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སར་གནས་པའི་མཐའ་མཚམས་མངགས་གཏོང་ཁང་སྟེ། ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་ཆགས་ཡོད། དེ་གའི་མཁའ་རླུང་ཁྲོད་ཀྱི་གསོ་རླུང་ལྡན་ཚད་མཚོ་ངོས་ཀྱི་ཕྱེད་ཀ་ཡང་ཟིན་གྱི་མེད་ལ། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ཙམ་ལ་སླེབས་ཤིང་། ལོ་འཁོར་མོར་ཁ་བ་བུ་ཡུག་འཚུབ་པས། ཚང་མས་ས་ཆ་དེར“འཚོ་གནས་དཀའ་ཁུལ”ཞེས་འབོད་ཀྱི་ཡོད་པ་རེད།
“སྡུག་བསྔལ་མྱངས་ནས་ཚེ་སྲོག་འཕྲོ་བརླག་ཏུ་གཏོང་བ་ལས། དཀའ་སྤྱད་འབད་འཐབ་ཀྱིས་ལང་ཚོ་སྐྱེས་སུ་ཕུལ་ན་དགའ”ཞེས་པ་དེ་ནི་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི“གདམ་ཚིག”རེད། མངགས་གཏོང་ཁང་དུ་བཅུ་ཆ་བརྒྱད་ཡན་ནི་ལོ་ན་གཞོན་པའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡིན་ཞིང་། ཆ་སྙོམས་ལོ་30ཙམ་ལས་ཟིན་གྱི་མེད་མོད། འོན་ཀྱང་ཁོང་ཚོས་ལང་ཚོའི་དཔལ་ཡོན་དེ་ལ་བརྟེན་ཏེ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་ས་མཐོར་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་པ་རེད།
མི་རབས་ནས་མི་རབས་བར། ན་གཞོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་རྒྱུན་མཐུད་ནས་ཕུ་མ་བྱང་ཐང་ཤང་དུ་གཞི་ཚུགས་ཏེ། མཐའ་མཚམས་ས་ཁུལ་དུ་མཐའ་སྲུང་སྐོར་ཞིབ་བྱེད་པ་དང་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་སྐྱེལ་གྱི་ཡོད། དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་ནས་ཕུལ་དུ་ཕྱུང་བའི་མཉམ་སྡེབ་ཅིག་ཐོན་ཞིང་། ད་ལོ་ཕུ་མ་བྱང་ཐང་ཤང་མངགས་གཏོང་ཁང་ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཀྱི་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
ས་མཐོའི་མཐའ་མཚམས་སྲུང་མཁན་དེ་དག་གིས་ཨ་སྔོན་དབྱིངས་དང་ཐག་ཉེ་ཤོས་ཀྱི་མཐའ་མཚམས་མངགས་གཏོང་ཁང་དུ་གངས་ལྗོངས་ཀྱི་མཐའ་མཚམས་བསྲུངས་ནས་ས་མཐོའི་དུས་བདེ་ཞོད་འཇགས་ལ་ལྟ་སྲུང་བྱེད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།