དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས“དྲ་བ་དྲུག”སྐྲུན་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-18

    ཀྲུང་གོས་ཆུ་དྲ་དང་། གློག་དྲ་གསར་པ། རྩིས་ནུས་དྲ་བ། འཕྲིན་གཏོང་དྲ་བ་རབས་གསར་པ། གྲོང་ཁྱེར་ས་འོག་སྦུག་དྲ། ཟོག་འགྲུལ་དྲ་བ་བཅས་ཚུད་པའི“དྲ་བ་དྲུག”སྐྲུན་པར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    མི་རིང་བའི་གོང་། ཀྲུང་གོ་མི་དམངས་དངུལ་ཁང་གིས“དྲ་བ་དྲུག”སྐྲུན་རྒྱུར་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ཀྲུའུ་ཅང་གཙང་པོའི་ཆུ་མདོར་གནས་པའི་ཧེང་ཆིན་དུ“དྲ་བ་དྲུག”ནང་གི་རྣམ་གྲངས་ཁ་ཤས་དོན་འཁྱོལ་ཐུབ་ཅིང་། ས་འོག་གི་ཨར་འདམ་བར་ཁྱམས་ནང་ཆུ་གདོང་དང་། གློག་སྐུད། འོད་ཚིའི་འོད་སྐུད་བཅས་གྲལ་འགྲིག་པོར་བསྐྲུན་ནས་རྒྱང་རིང་དུ་ཁྱབ་པར་བྱས་པ་རེད།

    འདི་ནི་ཧེང་ཆིན་གྱི་ས་འོག་ཕྱོགས་བསྡུས་དོང་ལམ་རྣམ་གྲངས་ཡིན་ཞིང་། དོང་ལམ་དེ་རིགས་ཀྱིས་གྲོང་ཁྱེར་གྱི་དཀའ་གནད་ཆེན་པོ་གཉིས་ཐག་གཅོད་བྱེད་པར་ཕན་པ་ཡོད་དེ། ས་ངོས་སུ་རྙོག་ཟིང་ཆེ་བའི་གློག་སྐུད་འཐེན་མི་དགོས་ལ། ས་འོག་གདོང་ལམ་ཞིབ་བཟོ་བྱེད་སྐབས་ཀྱང་འགྲོ་ལམ་ཡང་སེ་སྔོག་མི་དགོས་པ་དང་འགྲིམ་འགྲུལ་འགོག་དགོས་ཀྱི་མེད་པ་རེད།

    ཀྲུང་གོས་རིམ་རྩིས་བརྒྱབ་ན་ས་འོག་ཕྱོགས་བསྡུས་དོང་ལམ་སྤྱི་ལེ་7872ཙམ་བསྐྲུན་ཟིན་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོས་མ་དངུལ་སྒོར་དུང་ཕྱུར་ཁྲི་5བཏང་ནས་སྤྱི་ལེ་ཁྲི་77ཟིན་པའི་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སྐྲུན་པ་དང་སྒྱུར་བཀོད་བྱེད་རྩིས་ཡོད་པ་རེད།

    དུས་མཚུངས་སུ། ཀྲུང་གོས་ལྷོ་ཆུ་བྱང་འདྲེན་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ནས་བྱང་ཕྱོགས་ཀྱི་ཐན་སྐྱོན་ཆེ་བའི་གྲོང་ཁྱེར་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་རྒྱུ་རེད། ལྷོ་ཆུ་བྱང་འདྲེན་ཕུད། ཀྲུང་གོས་ད་དུང“ཤར་གྲངས་ནུབ་རྩིས”ལ་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། འབྱུང་འགྱུར་ལོ་5ཡི་ནང་རྩིས་ནུས་དྲ་བ་དང་། ཟོག་འགྲུལ་དྲ་བ། འཕྲིན་གཏོང་དྲ་བ་རབས་གསར་པ་བཅས་སྐྲུན་རྒྱུ་དེས་ཀྱང་གཞི་ཁྱོན་ཆེ་བའི་མ་འཇོག་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད། རྣམ་གྲངས་མང་པོ་ཞིག་གིས་ད་ཡོད་ཀྱི་སྒྲིག་བཀོད་རིམ་སྤོར་དང་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་པ་ལས་ལས་གྲྭ་གསར་སྐྲུན་ཁོ་ན་བྱེད་ཀྱི་མེད་པ་རེད།

    ཆུ་མཁོ་འདོན་དང་། བཙོག་ཆུའི་སྦུག་དྲ། མདོང་ལམ་གཞན་དག་བཅས་ལ་མ་འཇོག་བྱས་པ་དེས་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བར་ཕན་ཐོགས་ཡོད། མ་དངུལ་འདི་དག་ལས་བྱུང་བའི་སྤྱི་ཡོངས་ཀྱི་ཕན་འབྲས་དེ་རྣམ་གྲངས་རྐྱང་པའི་ཕན་འབྲས་བསྡོམས་འབོར་ལས་ཆེ་བ་ཡོད། གློག་དྲ་དང་། ཆུ་དྲ། འཕྲིན་གཏོང་དྲ་བ་བཅས་ཀྱིས་རྩིས་ནུས་ཚོ་འདུས་ལ་གློག་ཤུགས་དང་། ཆུའི་ཐོན་ཁུངས། གྲངས་གཞི་བརྒྱུད་གཏོང་བཅས་ཀྱི་འགན་སྲུང་རྒྱུན་མཐུད་བྱེད་རྒྱུ་ཡིན་པ་རེད།

    —— དབྱིན་ཇིའི《དཔལ་འབྱོར་རིག་པ་བའི》གཟའ་འཁོར་དུས་དེབ་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།