དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ལ་དངུལ་བུན་སྒོར་དུང་ཕྱུར་ཁྲི་ལ་ཉེ་བ་གསར་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-18

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་ཕྱི་ཕྱོགས་ཚོང་དོན་ཁྱབ་ཁོངས་ལ་དངུལ་བུན་སྒོར་དུང་ཕྱུར་ཁྲི་ལ་ཉེ་བ་གསར་དུ་བཏང་བ་དེ་དུས་མཚུངས་ལས་9%འཕར་བ་དང་། དེའི་ནང་40%ཙམ་ཕྱི་ཕྱོགས་ཚོང་དོན་གྱི་བྱེད་པོ་དང་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་ལས་འཁོར་འབྲེལ་བརྟན་པོ་ཡོང་བའི་ཁྱབ་ཁོངས་སུ་བཏང་ཡོད།

    ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་ཕྱི་ཕྱོགས་ཚོང་དོན་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་ཀའི་ཇུས་གཞི་བཟོས་ནས་ལག་ལེན་བསྟར་བ་དང་། དངོས་ཟོག་ཚོང་དོན་དང་ཞབས་ཞུ་ཚོང་དོན་དང་། སྲོལ་རྒྱུན་ཚོང་དོན་དང་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་བཅས་ལ་སྤྱི་འདོམས་རྒྱབ་སྐྱོར་བྱས་ཏེ། གྲངས་འཛིན་ཚོང་དོན་དང་ལྗང་མདོག་ཚོང་དོན་འཕེལ་རྒྱས་གཏོང་རོགས་བྱས་ཡོད། ཁེ་ལས་ཀྱི“ཕྱིར་སྐྱོད་པའི”དུས་བབ་གསར་པ་དང་དགོས་མཁོ་གསར་པར་དམིགས་ནས། རྒྱལ་སྒྲོལ་བསྡོམས་རྩིས་དང་། ཚོང་དོན་མ་དངུལ་བསྡུ་སྒྲིལ། མཁོ་སྤྲོད་འཁོར་འབྲེལ་གྱི་དངུལ་རྩ་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བརྟན་པོ་བྱེད་པར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།