པེ་ཅིང་གི་ནུས་གསར་ཟོག་འདྲེན་རླངས་འཁོར་གྱི་བསྡུར་ཚད་30%བར་མཐོ་རུ་གཏོང་རྒྱུ་ཡིན་པ།
ཉེ་ཆར། 《པེ་ཅིང་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དེང་རབས་ཟོག་འགྲུལ་འཕེལ་རྒྱས་འཆར་འགོད》དངོས་སུ་བཀྲམ་ཞིང་། འཆར་འགོད་ནང་། 2030ལོར་སླེབས་སྐབས་པེ་ཅིང་གི་ནུས་གསར་ཟོག་འདྲེན་རླངས་འཁོར(ཕི་ག་ཚུད་མེད་པ)གྱི་བསྡུར་ཚད་30%བར་མཐོ་རུ་གཏོང་རྒྱུ་དང་། དངོས་ཟོག་ལྗང་མདོག་སྐྱེལ་འདྲེན་གྱི་བསྡུར་ཚད་13%བར་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཟོག་འགྲུལ་གྱི་སྤྱིའི་འགྲོ་གྲོན་དང་ས་ཁུལ་གྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་12%བར་དམའ་རུ་གཏོང་རྒྱུ་ཡིན་པ་བཏོན་ཡོད་པ་རེད།
འཆར་འགོད་ལ་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དེང་རབས་ཟོག་འགྲུལ་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ནི། 2030ལོར་སླེབས་སྐབས་བར་ཁྱམས་དང་། རྟེན་གཞི། དྲ་རྒྱ་བཅས་ཟུང་དུ་འབྲེལ་བའི་དེང་རབས་ཟོག་འགྲུལ་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཟོག་འགྲུལ་བགྲོད་ལམ་ཕྱི་ནང་སྦྲེལ་མཐུད་ཐུབ་པར་བྱས་ཏེ་ཐོན་ཁུངས་ཀྱི་གྲུབ་ཆ་གཙོ་བོ་འཁོར་རྒྱུག་དེ་བས་ནུས་ལྡན་ཡོང་བར་བྱ་རྒྱུ་དང་། ལྟེ་བའི་རྟེན་གཞིས་ཁྱབ་འགྱེད་སྐུལ་ཁྲིད་བྱས་ནས་ཐོན་ལས་འཕེལ་རྒྱས་དང་འཛད་སྤྱོད་ཀྱི་དགོས་མཁོ་དང་དེ་བས་མཐུན་སྦྱོར་ཡོང་བར་བྱ་རྒྱུ། དྲ་རྒྱའི་སྒྲིག་བཀོད་མཉམ་འདྲེས་མཉམ་སྤྱོད་བྱས་ཏེ་གྲོང་ཁྱེར་གྱི་སྡེབ་སྐྱེལ་ཞབས་ཞུ་དེ་བས་སྟབས་བདེ་རུ་གཏོང་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།