དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཤིས་ལིང་ཁྲོན་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྱི་ཚོགས་འགན་བཅོལ་སྐོར་གྱི་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-18

    ཟླ་10ཚེས་14ཉིན། ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ལིང་ཁྲོན་རྫོང་སྤྱི་ཚོགས་འགན་བཅོལ་བྱ་གཞག་དོ་དམ་ལྟེ་གནས་ཀྱིས་ཏང་ཡོན་དང་བླངས་པ་དང་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ། སྡེ་ཁུལ་དང་། ཁེ་ལས། སློབ་ཁུལ་བཅས་སུ་ཁྲོམ་བཀྱག་བཏོན་ནས། དྲིལ་བསྒྲགས་དང་། སྒོ་རའི་ནང་བཞུགས་མོལ། སྒོ་རྩར་ཞབས་ཞུ་སོགས་ཀྱི་བྱ་ཐབས་བརྒྱུད། གོ་བདེ་ཤེས་སླའི་སྐད་ཆ་ནས་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་དང་། སྟབས་བསྟུན་ལས་ཞུགས་འགན་བཅོལ། འགན་བཅོལ་རིགས་སྣ་ཚོགས་ཀྱི་ཐོབ་ཐང་། རྒན་ཡོལ་ཕྱིར་འགྱངས་སོགས་ཀྱི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་ས་གནས་དངོས་སུ་དོགས་གནད་ལ་འགྲེལ་བཤད་བརྒྱབ་སྟེ། མང་ཚོགས་ཚོར་རང་ཁྱིམ་གྱི་སྒོ་རྩར་སྟབས་བདེ་དང་སེམས་རྩ་འཁོལ་བའི་སྤྱི་ཚོགས་འགན་བཅོལ་ཞབས་འདེགས་ཞུས་པས། མང་ཚོགས་ཀྱི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་དང་ཐོབ་སྣང་ཟབ་ཏུ་ཏན་ཏིག་ཕྱིན་ཡོད།

    འདི་ནི་ཟླ་10ཚེས་14ཉིན། ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ལིང་ཁྲོན་རྫོང་ཕེང་ཧྥུ་ཐང་ཆེན་དུ་རྫོང་དེ་གའི་སྤྱི་ཚོགས་འགན་བཅོལ་བྱ་གཞག་དོ་དམ་ལྟེ་གནས་ཀྱི་ལས་དོན་མི་སྣས་མང་ཚོགས་ལ་སྤྱི་ཚོགས་འགན་བཅོལ་ཐད་ཀྱི་འབྲེལ་ཡོད་ཆེད་ལས་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།