དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་ལོ་སྟོད་བར་རང་རྒྱལ་གྱི་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་སྤྱོད་མཁན་དུང་ཕྱུར་7ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-18

    ཉེ་ཆར། གསར་འགོད་པར་ཀྲུང་གོ་དྲ་སྦྲེལ་ཆ་འཕྲིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་བར། རང་རྒྱལ་དུ་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་སྤྱོད་མཁན་དུང་ཕྱུར་7ལྷག་ཙམ་ཟིན་ནས་ཁྱབ་གདལ་འགྲོ་ཚད་50%ལྷག་ཙམ་ཟིན་ཡོད་པ་རེད།

    ལྟེ་གནས་དེས་ཁྱབ་བསྒྲགས་བྱས་པའི《སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཀྱི་བཀོལ་སྤྱོད་འཕེལ་རྒྱས་སྙན་ཞུ(2026)》ལས་མངོན་པར། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཀྱི་བཀོལ་སྤྱོད་ལྗོངས་རྣམ་ལ་སྣ་མང་ཅན་གྱི་འཕེལ་རྒྱས་རྣམ་པ་མངོན་པ་དང་། རིག་ནུས་སྒྲིག་ཆས་ཀྱིས་མཚོན་པའི་རིག་ནུས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མགྱོགས་མྱུར་འཕེལ་བཞིན་ཡོད། སྤྱོད་མཁན་76.0%གྱིས་རང་ཉིད་ཀྱིས་སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་ལ་དྲི་ལན་འདེབས་སུ་འཇུག་གི་ཡོད་ཅེས་བརྗོད་པ་དང་། སྐྱེད་གྲུབ་རྣམ་པའི་མི་ཐབས་རིག་ནུས་སྤྱད་དེ་པར་རིས་སམ་བརྙན་ཐུང་དང་། ཡིག་ཆ། ལས་ཀའི་ཕྱོགས་སྡོམ་མམ་ཚོགས་འདུའི་ཟིན་བྲིས་གནད་བསྡུས་དང་ཡང་ན་PPTབཅས་བཟོ་མཁན་གྱི་བསྡུར་ཚད་47.8%དང་། 37.6% 32.5%བཅས་སོ་སོར་ཟིན་ཡོད། མི་ཐབས་རིག་ནུས་ཀྱི་ཕྱོགས་བསྡུས་ལས་རོགས་དང་མི་ཐབས་རིག་ནུས་ཀྱི་ལས་ཕྱོད་གཞུང་ལས་སོགས་བཀོལ་སྤྱོད་བྱེད་ཚད་དུས་མཚུངས་ལས་100%ལྷག་ཙམ་འཕར་ཡོད་པ་རེད།

    ད་ལོའི་ཟླ་6པའི་བར། འདུས་གྲུབ་གློག་ལམ་དང་མི་ཐབས་རིག་ནུས་སོགས་གྲངས་འཛིན་ཐོན་ལས་ཁྱབ་ཁོངས་ལ་དམིགས་ནས། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་16སྐྱེད་སྲིང་འཛུགས་སྐྲུན་བྱས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་མི་ཐབས་རིག་ནུས་ལག་རྩལ་བཀོལ་སྤྱོད་ཁྱབ་གདལ་གཏོང་ཚད་བཅུ་ཆ་གསུམ་ལྷག་ཙམ་ཟིན་ནས། མི་ཐབས་རིག་ནུས་ཞིབ་སྤེལ་འཆར་འགོད་དང་། ཐོན་སྐྱེད་བཟོ་སྐྲུན། སྤུས་བཤེར། བཀོལ་སྤྱོད་བདག་སྐྱོང་སོགས་འཁོར་འབྲེལ་ཧྲིལ་པོར་སྤྱིར་ན་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།