དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཧུའུ་ནན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-10-18

    རྟེན་འབྲེལ་འཕྲིན་ཡིག

    ཧུའུ་ནན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བའི་སྐབས་འདིར། ངས་དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན། འགོ་འཛུགས་ས་གསར་པར་ཧུའུ་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ལོ་ངོ་སྟོང་གི་རིག་གནས་འཆད་ཉན་ཁང་གི་རིག་རྒྱུན་འཛིན་པ། “དངོས་ཐོག་བདེན་འཚོལ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པའི”སྙིང་སྟོབས་དར་སྤེལ་གཏོང་བ། སློབ་གཉེར་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཕུགས་ལ་གོ་ཆོད་པའི་ཤེས་ལྡན་པ་ཕུལ་བྱུང་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས།

    ཞི་ཅིན་ཕིང་།

    2026ལོའི་ཟླ་10ཚེས་16ཉིན།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ། ཧུའུ་ནན་སློབ་ཆེན་བཙུགས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར་ཧུའུ་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ལོ་ངོ་སྟོང་གི་རིག་གནས་འཆད་ཉན་ཁང་གི་རིག་རྒྱུན་འཛིན་པ། “དངོས་ཐོག་བདེན་འཚོལ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པའི”སྙིང་སྟོབས་དར་སྤེལ་གཏོང་བ། སློབ་གཉེར་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཕུགས་ལ་གོ་ཆོད་པའི་ཤེས་ལྡན་པ་ཕུལ་བྱུང་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་འགོད་རྒྱུ)

    ཧུའུ་ནན་སློབ་ཆེན་ནི་1926ལོར་བཙུགས་པ་དང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གཡོད་ལུའུ་རིག་གནས་འཆད་ཉན་ཁང་སློབ་གྲྭ་དེ་གར་གནས་ཡོད། ལོ་100ཡི་རིང་སློབ་གྲྭས་རྒྱུན་འཛིན་དང་གསར་གཏོད་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ལ་ཤེས་ལྡན་པ་ཕུལ་བྱུང་འབོར་ཆེན་གསོ་སྐྱོང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།