དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་བྱས་ཏེ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-18

    ཟླ་10ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཁྲ་ཧར་ཡིའུ་དབྱི་ཆན་ཆིར་ཆགས་པའི་ཧོང་ཆི་ཧའེ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་བཞིན་པ།

    ཟླ་10ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ཁྲ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་རྟོག་ཞིབ་གནང་སྐབས་འབྲེལ་ཡོད་རྩིས་ནུས་ལྟེ་གནས་རྣམ་གྲངས་ཀྱི་འགན་འཁུར་བ་དང་། ལག་རྩལ་པ། ཁྲ་ཧར་མཐོ་གསར་ཁུལ་གྱི་ལས་དོན་པ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ནང་སོག་ཝུའུ་ལན་ཁྲ་པུ་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྡན་དགོས་ངེས་ཀྱི་ནང་དོན་ཞིག་ཡིན་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྤྱི་འདོམས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚེས་16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཝེ་ཀྲུང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པའོ་ཀང་གི་ཕེབས་རོགས་འོག་ཝུའུ་ལན་ཁྲ་པུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།

    ཝུའུ་ལན་ཁྲ་པུ་གྲོང་ཁྱེར་ཁྲ་ཧར་ཡིའུ་དབྱི་ཆན་ཆིར་ཆགས་པའི་ཧོང་ཆི་ཧའེ་མཚོ་ནི་སྐམ་སའི་དབུས་ཀྱི་འཁྱིལ་མཚོ་ཞིག་ཡིན་པ་དང་གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་སྐབས་ཤིག་རིང་སྐམ་ལ་ཉེ་བར་གྱུར་ཡོད། ལོ་མང་རིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་ཆུ་ཁོངས་ཀྱི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ཡོད། ཞི་ཅིན་ཕིང་ཧོང་ཆི་ཧའེ་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕེབས་ནས་ནང་སོག་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་དེ་གས་ཧོང་ཆི་ཧའེ་མཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་མ་ལག་ཉམས་གསོ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། ས་གནས་ས་ཐོག་ཏུ་ཆུ་ངོགས་གྲམ་ཐང་གི་སྐྱེ་ཁམས་དང་འདབ་ཆགས་སོགས་ལའང་གཟིགས་ཞིབ་གནང་བ་རེད། ཁོང་གིས། འདམ་ར་སྲུང་སྐྱོང་བྱེད་པ་དེ་གདོད་མའི་རྣམ་པ་རྒྱུན་འཁྱོངས་ཡོང་བར་ཐུག་ཡོད། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་མཐའ་འཁྱོངས་བྱས་ནས། འདམ་ར་སྲུང་སྐྱོང་གི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། སྐྱེ་ཁམས་མ་ལག་གི་སྤུས་ཚད་ལེགས་སུ་དང་བརྟན་ལྷིང་རང་བཞིན་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་དགོས། ཞན་འགྱུར་གྱི་འདམ་རའི་སྐྱེ་ཁམས་མ་ལག་ལ་རང་བྱུང་སླར་གསོ་གཙོ་བོར་འཛིན་པ་དང་མི་ཐབས་ཐེ་ཇུས་འདེགས་སྐྱོར་དུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་ཉམས་གསོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝུའུ་ལན་ཁྲ་པུའི་ཡུལ་ལྗོངས་མཛེས་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཉེ་བའི་ལོ་ཤས་རིང་ལྗང་གློག་དང་། གནམ་གཤིས། ས་བབ་སོགས་ཀྱི་དགེ་མཚན་ཆེ་རིགས་འདོན་སྤེལ་བྱས་པས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཞི་ཅིན་ཕིང་ཁྲ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་ཕེབས་ནས་འགྲེམས་སྟོན་ཚོམས་ཆེན་དུ་ནང་སོག་རང་སྐྱོང་ལྗོངས་ཀྱིས“ཤར་གྲངས་ནུབ་རྩིས”འདུ་འགོད་ཀྱི་ལྟེ་བའི་སྦྲེལ་ཚིགས་འཛུགས་སྐྲུན་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། “ཤར་གྲངས་ནུབ་རྩིས”འདུ་འགོད་ལག་ལེན་བསྟར་བ་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་བ་བསྐྲུན་པ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཚན་རིག་དང་མཐུན་པའི་འཆར་འགོད་དང་། གཙོ་རྒྱུའི་འདེགས་སྐྱོར། བདེ་འཇགས་འགན་སྲུང་བཅས་ལ་ཤུགས་སྣོན་བརྒྱབ་ནས་བསྐྲུན་ཟིན་པའི་རྣམ་གྲངས་འཁོར་སྐྱོད་ནུས་ཆེ་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག དུས་བཀག་ལྟར་རྗེས་མཐུད་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས། ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཧུར་ཐག་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱུན་ཆད་མེད་པར་རྩིས་ནུས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་འབྲེལ་ཡོད་རྩིས་ནུས་ལྟེ་གནས་རྣམ་གྲངས་ཀྱི་འགན་འཁུར་བ་དང་། ལག་རྩལ་པ། ཁྲ་ཧར་མཐོ་གསར་ཁུལ་གྱི་ལས་དོན་པ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས། རྩིས་ནུས་དྲ་བ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་བྱས་ནས་བསྐྲུན་པའི“དྲ་བ་དྲུག”གི་གྲས་ཤིག་ཡིན་པ་དང་། རྩིས་ནུས་ཐོན་ལས་དེ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་མཚམས་སུ་སླེབས་པས་མདུན་ལམ་ཆེན་པོ་ཡོད། ཚང་མས་ནུས་ཆེ་དང་། ལྗང་མདོག བདེ་འཇགས་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། “རྩིས་གློག་མཐུད་སྦྱོར”དང་“རྩིས་ཆུ་མཐུད་སྦྱོར”ལ་མཐོང་ཆེན་བྱེད་པ་དང་། རྩིས་ནུས་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ཡག་པོ་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེཌ་སྐྱེས་མང་ཙམ་འབུལ་བའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་མཐོ་གསར་ཁུལ་གྱིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཞབས་ཞུ་དང་གཙོ་གནད་འགན་སྲུང་ཁག་ལེགས་སུ་བཏང་ནས། ཁེ་ལས་དང་རིགས་ཁག་གི་ཤེས་ལྡན་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་ད་དུང་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བཞིན་ཐོན་རྫས་ཀྱི་སྣ་ཁ་གཙོ་བོ་དང་སྤུས་ཚད་དང་ཁྱད་ཆོས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། ཐོན་ཚོང་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།

    རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཁྱོན་ཆེ་བས། ཤར་ལྷོ་ནུབ་བྱང་དབུས་བཅས་ཀྱི་ཐོན་ཁུངས་ལེགས་ཆའི་ཁྱད་པར་མངོན་གསལ་དོད་པོ་ཡོད། རྒྱང་ལམ་གསར་པར་ས་གནས་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་འཆར་འགོད་བཀོད་སྒྲིག་གཞིར་བཟུང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། དུས་རབས་ཀྱི་རླབས་རྒྱུན་དང་དམ་པོར་བསྟུན་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། རང་ངོས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་དགེ་མཚན་ཆེ་རིགས་འདོན་སྤེལ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལྷན་དུ་རྟོག་ཞིབ་ལ་ཕེབས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།