དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-17

    གསར་འགོད་པར་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་10376.7ཟིན་ཡོད། ད་ལོ་ས་རྒོད་གསར་སྦོལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་ན་ནིང་གི་རྣམ་པ་བཟང་པོ་རྒྱུན་མཐུད་བྱུང་བ་དང་དབྱར་འབྲུའི་ཐོན་འབབ་ན་ནིང་ལས་རྒྱ་མ་དུང་ཕྱུར་1འཕར་བ་དང་མིག་སྔའི་སྟོན་བསྡུའི་འཕེལ་རིམ་བདེ་བླག་བྱུང་ཡོད།

    ཞིང་ལས་གྲོང་གསེབ་པུས་ཟླ་10ཚེས་13ཉིན་ཅང་ཤིས་ཞིང་ཆེན་རུའེ་ཁྲང་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་གྱིས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་རིམ་ཁག་ས་རྒོད་གསར་སྦོལ་དོ་དམ་སྡེ་ཚན་དང་ས་རྒོད་གསར་སྦོལ་ཁུལ་ཁག་གིས་དེང་རབས་ཅན་གྱི་ཞིང་ལས་ཀྱི་རྟེན་གཞི་ཆེ་མོ་དང་། ཁེ་ལས་ཆེ་མོ། ཐོན་ལས་ཆེ་མོ་བཅས་གང་མགྱོགས་བསྐྲུན་ནས་དེང་རབས་ཅན་གྱི་ཞིང་ལས་ཀྱི་ཐོན་སྐྱེད་མ་ལག་དང་། ཐོན་ལས་མ་ལག གཉེར་སྐྱོང་མ་ལག་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ་ས་རྒོད་གསར་སྦོལ་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད། མཁོ་སྤྲོད་ནུས་པའི་ཐད་རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་གྱི་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་93.1%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་16.4ཡིས་མཐོ་བ་ཡོད་པ་རེད། ཐོན་ལས་ཀྱི་གྲུབ་ཆའི་ཐད་ས་རྒོད་གསར་སྦོལ་དང་ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་དང་བཟའ་བཅའ་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3179ཟིན་ནས་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་མཐུད་ཤུགས་ཆེར་ཕྱིན་ཡོད། གཉེར་སྐྱོང་བྱེད་སྟངས་ཐད་ཚོགས་པ་ཅན་གྱི་ས་རྒོད་གསར་སྦོལ་ཁེ་ལས་103ཡོད་པ་དང་། ན་ནིང་རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.1818ཟིན་པ་དང་། ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་6954ཟིན་པ། ཁེ་སྤོགས་སྒོར་དུང་ཕྱུར་127ཟིན་པ་བཅས་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།