དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་27.46ཟིན་པ།

    དངུལ་བུན་གྱི་སྐྱེད་ཚད་རྒྱུན་མཐུད་དམའ་གནས་སུ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-17

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཁྱབ་ཆེའི་དངུལ་ལོར(M2)དང་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་འཕར་ཚད་ཚང་མ་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་སྟེ། དཔལ་འབྱོར་རྒྱུན་མཐུད་བཟང་ཕྱོགས་དང་ལེགས་ཕྱོགས་སུ་འཕེལ་བར་འཚམ་པའི་དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཏོད་ཡོད། ཟླ་1ནས་9པའི་བར། རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་27.46ཟིན་པ་དང་། ཟླ་9པའི་ཟླ་མཇུག་བར། ཁྱབ་ཆེའི་དངུལ་ལོར་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་359.63ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་གསོག་འབོར་སྒོར་དུང་ཕྱུར་ཁྲི་468.17ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ནས། དཔལ་འབྱོར་འཕར་བ་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་འཚམ་པོ་བྱུང་ཡོད།

    དངུལ་བུན་གྱི་སྐྱེད་ཚད་རྒྱུན་མཐུད་དམའ་གནས་སུ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་9པར། ཁེ་ལས་ཀྱིས་གསར་དུ་བཏང་བའི་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་3%ལས་ཅུང་དམའ་བ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.2ཙམ་དམའ་བ་ཡོད། མི་སྒེར་གྱི་སྡོད་ཁང་ལ་གསར་དུ་བཏང་བའི་དངུལ་བུན་གྱི་རྩིས་སྐོར་ཆ་སྙོམས་སྐྱེད་ཚད་3.1%ཙམ་ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།