ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་39.94ཟིན་པ་དེ་དུས་མཚུངས་ལས་18.8%འཕར་བ།
ཟླ་དང་པོ་ནས་དགུ་པའི་བར།
▶ གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འཕར་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་པ།
དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་18.8%འཕར་ནས་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་གྱི་ནང་འདྲེན་དང་ཕྱིར་གཏོང་གཉིས་ཀ་འཕར་བ།
▶ གོ་ལ་ཧྲིལ་པོའི་རྩིས་ནུས་འཛུགས་སྐྲུན་ལ་ཀྲུང་གོའི་ཐོན་རྫས་མཁོ་སྤྲོད་བྱས་པ།
བཟོ་ལས་འཕྲུལ་མི་དང་གློག་རྡུལ་འཕྲུལ་ཆས་ཀྱི་ལྷུ་ལག་སོགས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁྱོན་སྒོར་དུང་ཕྱུར་ཁྲི་10ལྷག་ཙམ་ཟིན་ནས་འཕར་ཚད་58.9%ཟིན་པ།
སྤྱི་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བརྒྱ་ཆའི་གྲངས་11.3འཕར་རྒྱུར་སྐུལ་ཁྲིད་བྱས་པ།
རྩིས་ནུས་ཀྱི་འབྲེལ་ཡོད་ཐོན་རྫས་ཕྱིར་གཏོང་བྱེད་ཚད་འཕར་ཞིང་། འདུས་གྲུབ་གློག་ལམ་99.1%དང་། གློག་ཀླད་ཀྱི་ལྷུ་ལག་ལྡབ་2.1 སྲ་གཟུགས་མཁྲེགས་སྡེར་སོགས་ཀྱི་ཉར་གསོག་ལྷུ་ལག་ལྡབ་1.3བཅས་འཕར་ཡོད་པ་རེད།
▶ གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རས་བཏོད་པའི་གོ་སྐབས་མཉམ་སྤྱོད་བྱས་པ།
ཕྱིར་གཏོང་འཕར་ཚད་16.4%དང་ནང་འདྲེན་འཕར་ཚད་22.3%ཟིན་ཡོད།
ནང་འདྲེན་འཕར་ཚད་དེ་ཕྱིར་གཏོང་འཕར་ཚད་ལས་བརྒྱ་ཆའི་གྲངས་5.9ཡིས་མཐོ་བ་ཡོད་པ་རེད།
ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་39.94ཟིན་པ་དེ་དུས་མཚུངས་ལས་18.8%འཕར་ཞིང་། དེའི་ཁྲོད་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་23.2ཟིན་ནས་འཕར་ཚད་16.4%ཟིན་པ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་16.74ཟིན་ནས་འཕར་ཚད་22.3%ཟིན་ཡོད་པ་རེད།
“ད་ལོ་ནས་བཟུང་། ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚོང་དོན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་འཕར་བ་དང་སྤུས་འབོར་གཉིས་ཀ་འཕར་ཡོད”ཟླ་10ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གསར་འགྱུར་མགྲིན་ཚབ་པ་དང་ཧྲུའུ་ཀྲང་གཞོན་པ་ཝང་ཅུན་གྱིས། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་མགྱོཌ་མྱུར་འཕར་བ་དང་དུས་ཚིཌ་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་15.3%དང་། 18.3% 22.3%བཅས་སོ་སོར་འཕར་བ་དང་། ཟླ་འཁོར་མོ་ནས་བལྟས་ཚེ་ཟླ་དྲུག་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་པ་དང་། ཟླ་དགུ་པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་5.16ཟིན་ནས་སྒོར་དུང་ཕྱུར་ཁྲི་5ལས་ཐོག་མར་བརྒལ་ཏེ་འཕར་ཚད་27.5%ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།