འཕར་འགུལ་མྱུར་བའི་གྲངས་གཞི་ལས་མངོན་པར།
ཟླ་དང་པོ་ནས་དགུ་པའི་བར་གྲོང་མིའི་འཛད་སྤྱོད་འདོད་བློ་བརྟན་པོ་འཕར་བ།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱིས་ཡོངས་བསྒྲགས་བྱས་པའི་འཕར་འགུལ་མྱུར་བའི་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་དགུ་པའི་བར་གསོག་ཚད་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཀྱིས་མཉམ་དུ་ནུས་པ་བཏོན་པ་དང་གཅིག་སྡུད་ཕན་འབྲས་ཐོན་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུར་སྐུལ་འདེད་བཏང་བས་འཕར་བའི་སྒུལ་ནུས་རྒྱུན་མཐུད་འཕེལ་ཡོད།
འཛད་སྤྱོད་ཐད་དྲ་ཕྱིའི་འཛད་སྤྱོད་ཀྱི་གྲངས་གཞི་ཆེ་མོ་ནས་མངོན་པར་གཞིགས་ན། ཟླ་དང་པོ་ནས་དགུ་པའི་བར་རིགས་ཁག་གི་འཛད་སྤྱོད་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་2.6%འཕར་བ་དང་འཕར་ཚད་ཟླ་བཞི་པ་ནས་དྲུག་པའི་བར་ལས་བརྒྱ་ཆའི་གྲངས་0.7འཕར་བའི་ནང་ཚོང་ཟོག་འཛད་སྤྱོད་4.5%འཕར་ཡོད། ཟླ་9པར་དྲ་ཕྱིའི་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་3.1%འཕར་ནས་འཕར་ཚད་ཟླ་8པ་ལས་བརྒྱ་ཆའི་གྲངས་0.5མཐོ་རུ་ཕྱིན་པ་དང་ཟླ་3བསྟུད་མར་འཕར་ཡོད། ཚོང་དུད་འབྲིང་ཆུང་གི་གསོན་ཤུགས་མཚོན་པའི“དངུལ་ལེན”གྲངས་གཞི་ལས་མངོན་པར། ཟླ་9པའི་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་5.7%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.3མཐོ་རུ་ཕྱིན་ཡོད། ཟླ་དང་པོ་ནས་དགུ་པའི་བར། རང་རྒྱལ་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཁག་མུ་མཐུད་རྒྱ་ཆེ་དང་ཤུགས་ཆེར་བཏང་ནས་གྲོང་མིའི་འཛད་སྤྱོད་ཀྱི་འདོད་བློ་བརྟན་པོ་འཕར་བ་དང་ཁྲོམ་རའི་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
མ་འཇོག་ཐད། ཟླ་དང་པོ་ནས་དགུ་པའི་བར་དང་ལྷག་པར་དུ་ཟླ་9པར་མ་འཇོག་བརྟན་པོ་ཡོང་བའི་སྲིད་ཇུས་ཁག་མཉམ་དུ་བཏོན་པ་དང་མཉམ་སྒྲུབ་དོན་འཁྱོལ་བྱས་པས། མ་འཇོག་མ་དངུལ་འགན་ལེན་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། མ་རྩའི་མ་འཇོག་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་དགུ་པའི་བར་མི་ཐབས་རིག་ནུས་དང་མི་གཟུགས་འཕྲུལ་མི་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་མ་འཇོག་དངུལ་འབོར་དུས་མཚུངས་ལས་184.1%འཕར་བ་དང་། ཟླ་དགུ་པར་དུས་མཚུངས་ལས་198.7%འཕར་ཡོད།
ཕྱི་ཕྱོགས་ཉོ་ཚོང་ཐད། མུ་མཐུད་དར་རྒྱས་ཆེ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་དང་པོ་ནས་དགུ་པའི་བར་གྲུ་ཁ་གཙོ་བོའི་གྲུ་ཁ་ནས་བྲལ་བ་དང་གྲུ་ཁར་འབྱོར་བའི་ཟོག་འདྲེན་གྲུ་གཟིངས་ནང་བླུགས་པའི་དངོས་ཟོག་གི་ལྗིད་ཚད་དུས་མཚུངས་ལས་43.1%དང་0.3%སོ་སོར་འཕར་བ་དེ་དུས་ཚིགས་གཉིས་པ་ལས་བརྒྱ་ཆའི་གྲངས་43.0དང་0.7སོ་སོར་འཕར་ཡོད། དེའི་ནང་ཟླ་9པར་དུས་མཚུངས་ལས་53.2%དང་4.5%སོ་སོར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།