ཐེན་དབན་ཉིང་གློག་གི་འཕྲུལ་ཚན་བདུན་པ་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་པ།

འདི་ནི་ཉེ་ཆར། ཀྲུང་གོ་ཉིང་རྡུལ་ཚོགས་པའི་ཐེན་དབན་ཉིང་གློག་རྟེན་གཞིའི་ཕྱིའི་རྣམ་པ་ཡིན་པ།
གསར་འགོད་པར་ཀྲུང་གོ་ཉིང་རྡུལ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཐེན་དབན་ཉིང་གློག་གི་འཕྲུལ་ཚན་7པ་ཐོག་མར་དྲ་སྦྲེལ་བདེ་བླག་ཐུབ་ནས་གློག་དངོས་སུ་བཏང་སྟེ་རྗེས་མཐུད་འཕྲུལ་ཚན་གྱི་ཚོང་ལས་འཁོར་སྐྱོད་ལ་རྨང་གཞི་བརྟན་པོ་བཏིང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེན་དབན་ཉིང་གློག་རྟེན་གཞིར་འཕྲུལ་ཚན་8འཛུགས་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ནང་འཕྲུལ་ཚན་1ནས་6བར་གྱིས་བདེ་འཇགས་ཀྱི་གློག་བརྟན་པོ་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5500ཟིན་པ་དང་འཕྲུལ་ཚན་7པ་སྔོན་དཔག་བྱས་ན་ད་ལོ་གཉེར་སྐྱོང་བྱེད་འགོ་འཛུགས་རྒྱུ་རེད། འཕྲུལ་ཚན་8ཚང་མ་སྤྱོད་འགོ་ཚུགས་རྗེས་ཐེན་དབན་ཉིང་གློག་རྟེན་གཞིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་900ལས་བརྒལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།