ཧོ་པེ་ཆིན་ཧོང་ཏའོ་རུ་ཆུ་མོག་བཟོས་ནས་དགུ་པའི་ཚེས་དགུ་བསུ།

འདི་ནི་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཧོ་ཏུང་ཁྲོམ་གཞུང་བཟོ་པའི་པེ་ལི་སྡེ་ཁུལ་གྱི་དང་བླངས་པ་དང་གྲོང་མིས་མཉམ་དུ་ཆུ་མོག་བཟོ་བཞིན་པ།
ཟླ་10ཚེས་15ཉིན། ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཧོ་ཏུང་ཁྲོམ་གཞུང་བཟོ་པའི་པེ་ལི་སྡེ་ཁུལ་དུ“ཆུ་མོག་བཟོས་ནས་དགུ་པའི་ཚེས་དགུ་བསུ། ཁྱིམ་མཚེས་འཛོམས་ནས་དགའ་བའི་གཏམ་གླེང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆུ་མོག་བཟོ་བའི་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོར་ཁོངས་གཏོགས་དེའི་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་དང་། དགེ་རྒན་རྒན་གྲས། སྡེ་ཁུལ་གྱི་དང་བླངས་པ་བཅས་གདན་འདྲེན་ཞུས་ནས་སྡེ་ཁུལ་གྱི་བྱེད་སྒོ་སྤེལ་ཡུལ་དུ་མཉམ་དུ་ཆུ་མོག་བཟོ་བ་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་འབྲེལ། རང་གིས་བཟོས་པའི་ཆུ་མོག་གི་བྲོ་བ་མཉམ་དུ་མྱངས་པ་དང་། དེའི་དམིགས་ཡུལ་ནི་བྱེད་སྒོ་བརྒྱུད་ཁྱིམ་མཚེས་དབར་གྱི་བརྩེ་བ་ཟབ་ཏུ་བཏང་ནས། དགུ་པའི་ཚེས་དགུའི་དུས་ཆེན་ལ་མཉམ་དུ་བསུ་བ་ཞུ་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།