དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

    རང་ལྗོངས་ཀྱི་རྣམ་གྲངས་གཉིས་བདམས་ཐོན་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-17

    ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་འདུན་ཞུ་བྱས་པའི《བོད་ལྗོངས་གྲོ་མོ་རྫོང་ཕག་རིའི་འབྲི་གཡག་གསོ་སྤེལ་མ་ལག》དང《བོད་ལྗོངས་སྣང་རྫོང་གི་གནའ་བོའི་སྟར་སྡོང་གླིང》རྣམ་གྲངས་གཉིས་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་ནང་བདམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སུ་ཀྲུང་གོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ཁག་བརྒྱད་པའི་རྣམ་གྲངས་ཁྱོན་88གཏན་འཁེལ་བྱས་པའི་ནང་ཁྱད་ལྡན་འདེབས་འཛུགས་དང་། སྐྱེ་ཁམས་གསོ་ཚགས། ཞིང་ནགས་མཉམ་འདྲེས་སོགས་རྣམ་པ་སྣ་ཚོགས་ཚུད་པ་དེ་ལས་རང་རྒྱལ་གྱི་ངལ་རྩོལ་མི་དམངས་ཀྱི་ལོ་ངོ་སྟོང་རིང་གི་སོ་ནམ་གྱི་བློ་གྲོས་གཅིག་སྡུད་ཐོག་མངོན་ཡོད། རང་ལྗོངས་ནས་གསར་དུ་བདམས་པའི་ཞིང་ལས་རིག་གནས་ཤུལ་བཞག་གཉིས་ཀྱི་ས་ཁོངས་ཁྱད་ཆོས་དང་རྒྱུན་འཛིན་གྱི་རིན་ཐང་མངོན་གསལ་དོད་པོ་ཡོད་པ་རེད། 《བོད་ལྗོངས་གྲོ་མོ་རྫོང་ཕག་རིའི་འབྲི་གཡག་གསོ་སྤེལ་མ་ལག》དེ་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་གནས་པ་དང་། ས་གནས་དེ་གའི་མང་ཚོགས་རང་བྱུང་ཁོར་ཡུག་ལ་འཕྲོད་པ་དང་རང་བྱུང་རྩྭ་རར་བརྟེན་ནས་ཆགས་པའི་གདོད་མའི་སྐྱེ་ཁམས་འབྲོག་ལས་བྱེད་སྟངས་ཤིག་ཡིན་པས་སྲོལ་རྒྱུན་གྱི་ཕྱུགས་འཚོ་རྩལ་དང་རྩྭ་ར་རེས་སྐོར་བདག་སྐྱོང་གི་འདུ་ཤེས་རྒྱུན་འཛིན་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས་ལ་གཅིག་འདོམས་ལྟ་རྟོག་བྱེད་པ་བཅས་ནི་མཐོ་གྲང་འབྲོག་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལག་ལེན་གསར་པ་ཞིག་རེད། 《བོད་ལྗོངས་སྣང་རྫོང་གི་གནའ་བོའི་སྟར་སྡོང་གླིང》ནི་བོད་ཤར་ལྷོའི་རྩ་ཆེའི་ཤིང་འབྲས་འདེབས་འཛུགས་ཀྱི་ཤུལ་བཞག་ཡིན་པས་གནའ་བོའི་ཤིང་ནགས་འདེབས་གསོ་དང་། བདག་སྐྱོང་། འཐུ་བསྡུའི་ལག་རྩལ་བཅས་སོར་ཉར་བྱས་ནས་ཤིང་འབྲས་འདེབས་འཛུགས་དང་། ས་ཆུ་གསོ་འཁྱོངས། སྐྱེ་ཁམས་སྲུང་སྐྱོང་བཅས་ཀྱི་ཞིང་ནགས་མཉམ་འདུས་མ་ལག་ཅིག་ཡིན་པས་ས་མཐོའི་ཤིང་འབྲས་ཐོན་ལས་ཀྱི་སྡོང་ཕྲུག་ཐོན་ཁུངས་མཛོད་ཅིག་རེད་ལ་ས་གནས་ཀྱི་དམངས་སྲོལ་རིག་གནས་རྒྱུན་འཛིན་གྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།