དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལག་ཐོགས་ཁ་པར་མནན་ཙམ་བྱས་ཚེ་ཞབས་འདེགས་ཡག་པོ་ཞུ་ཐུབ།

    ནག་ཆུ་གྲོང་ཁྱེར་རིང་མོ་སྡེ་ཁུལ་གྱིས་གྲངས་འཛིན་ཅན་གྱི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-17

    “དེ་སྔ་ལས་དོན་སྒྲུབ་པར་སྡེ་ཁུལ་དུ་བང་སྒྲིག་དགོས་ཀྱི་ཡོད། ད་ཆ་ལག་ཐོགས་ཁ་པར་ནས་སྔོན་མངགས་བྱེད་ཐུབ་པས་དངོས་གནས་སྟབས་བདེ་པོ་འདུག” ཉེ་ཆར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་རིང་མོ་སྡེ་ཁུལ་གྱི་གྲོང་མི་སྒྲོན་སྐྱིད་ཀྱིས་རང་ཉིད་ཀྱི་ལག་ཐོགས་ཁ་པར་ཐོག་ཁང་གི་སྒོ་འགྲམ་དུ་སྦྱར་བའི་NFCཡི་མཚོན་རྟགས་ལ་སྦྱར་ཙམ་བྱས་པས་སྤྱི་ཚོགས་འགན་བཅོལ་གྱི་བློ་འདྲིའི་ལས་སྒོ་སྔོན་མངགས་ཐུབ་ཡོད།

    ས་བབ་སྨི་4500ལྷག་ཙམ་ཡོད་པའི་བོད་བྱང་ཐང་ས་མཐོར་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་བྱེད་པ་དང་བྱ་བ་སྒྲུབ་བདེ་པོ་ཡོང་བ་བྱེད་པ་ནི་གཞི་རིམ་བཅོས་སྐྱོང་ཐད་ངེས་པར་དུ་ཡག་པོ་སྒྲུབ་དགོས་པའི་དམངས་འཚོའི་གནད་དོན་ཞིག་ཡིན་ལ། ཏང་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི“རྡོ་ཀ་ཤུ་ཁ”ལྟ་བུའང་ཡིན། འདི་ལོ་ནས་བཟུང་། གསེར་རྙེད་ཆུས་མཐུན་སྒྲིལ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས“སེམས་འབྲེལ་ཟམ་པ་གསུམ”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ནང་དོན་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་བརྒྱུད་རིམ་རྙོག་འཛིང་ཆེ་བ་དང་འགྲོ་འོང་བྱེད་ཐེངས་མང་བ་སོགས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ་རེད། མཐུན་སྒྲིལ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་སྤྱི་འདོམས་འོག རིང་མོ་སྡེ་ཁུལ་དུ་བཅའ་སྡོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་ལས་དོན་རུ་ཁག་ཁག་བཅོ་ལྔ་པས་སྡེ་ཁུལ་དང་མཉམ་དུ“དགོས་མཁོ་ཡོད་ཚེ་འཕྲལ་མར་སྒྲུབ་པའི”NFCདམངས་ཕན་ཞབས་ཞུའི་རྣམ་པ་གསར་པ་གསར་གཏོད་དང་ཁྱབ་གདལ་བཏང་ནས་གྲངས་འཛིན་ཅན་དང་རིག་ནུས་སྲིད་དོན་ཞབས་ཞུ“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པ”བྱས་པ་རེད། མིག་སྔར་ཞབས་ཞུ་དེ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་དུད་ཚང་2861དང་ཚོང་དུད་245ལ་ཁྱབ་ཡོད།

    མང་ཚོགས་ཀྱིས་NFCཡི་བྱེད་ནུས་ཡོད་པའི་ལག་ཐོགས་ཁ་པར་སྤྱད་དེ་NFCཡི་མཚོན་རྟགས་ལ་སྦྱར་ཙམ་བྱས་ཚེ། ལག་ཐོགས་ཁ་པར་ནས་སྔོན་མངགས་སྒྲུབ་གཉེར་གྱི་དྲ་ངོས་མངོན་གྱི་ཡོད། སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་ནས་ལས་སྒྲུབ་དགོས་མཁོ་འབྲི་བ་དང་རང་གི་འདོད་པ་ལྟར་ཞབས་ཞུ་གདམ་ག་བྱས་ན་འགྲིག་གི་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོར་མཉེན་ཆས་གཞན་དག་ཕབ་ལེན་བྱེད་དགོས་ཀྱི་མེད།

    ལག་ཐོགས་ཁ་པར་ནས་ཞབས་ཞུ་སྒྲུབ་གཉེར་རེ་ཞུ་ཐུབ་པ་དེས་ལས་སྒྲུབ་བྱེད་སྟངས་སྔར་བས་སྟབས་བདེ་རུ་ཕྱིན་ཡོད་པ་རེད། “དགོས་མཁོ་ཡོད་ཚེ་འཕྲལ་མར་སྒྲུབ་པའི”NFCདམངས་ཕན་ཞབས་ཞུས་སྔོན་མངགས་སྒྲུབ་གཉེར་དང་། རོགས་རམ་ཚབ་སྒྲུབ། སྒོ་རྩར་ཞབས་ཞུ། ས་གནས་ས་ཐོག་ཏུ་གཉེར་བ་བཅས་རྣམ་པ་བཞི་བཏོན་ཡོད་པས། མང་ཚོགས་ཀྱིས་རང་ངོས་ཀྱི་གནས་ཚུལ་དང་དགོས་མཁོ་གཞིར་བཟུང་གདམ་ག་བྱེད་ཆོག་གི་ཡོད།

    དམངས་ཕན་ཞབས་ཞུ་དེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་སྤེལ་རྒྱུའི་འགན་ལེན་བྱ་ཆེད། རིང་མོ་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་མང་ཚོགས་ཀྱི་ལན་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་དུད་ཚང་དུ་བཅར་འདྲི་བྱེད་པ་དང་། དམངས་ཀྱི་གནས་ཚུལ་ནན་བཤད་བྱེད་པ། བཅར་འདྲི་དང་འདྲི་རྩད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོང་མི་དང་ཚོང་དུད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱེད་ཀྱི་ཡོད་པ་རེད། མང་ཚོགས་ཀྱིས་གླེང་མང་བའི་བཀོལ་སྤྱོད་དཀའ་བའི་གནད་དོན་དང་བཀོལ་སྤྱོད་འགག་གནད་ལ་དམིགས་ནས། ཁྲོམ་གཞུང་དང་། སྡེ་ཁུལ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཕྱོགས་གསུམ་མཉམ་འགུལ་བྱས་ཏེ་འཕྲལ་མར་དོགས་གནད་སེལ་བ་དང་བརྒྱུད་རིམ་ལེགས་སུ་བཏང་བ་རེད།

    རིང་མོ་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྒྱ་མཚོས“‘མང་ཚོགས་ཕར་རྒྱུག་ཚུར་རྒྱུག’བྱེད་པ་ནས‘གྲངས་གཞིའི་འཁོར་རྒྱུག’བར་དང་། ‘བང་རིང་པོ་སྒྲིག་པ’ནས‘ལག་ཐོགས་ཁ་པར་གྱི་མཐེབ་བཀྱག་མནན་ཐེངས་གཅིག་ལ་ཐག་ཆོད་པའི’བར་ང་ཚོས་རིག་ནུས་ཞབས་ཞུའི‘གྲངས་འཛིན་གྱི་ཧེ་བག’ཆུང་དུ་རྒྱུན་མཐུད་བཏང་ནས། དགོས་མཁོ་མི་འདྲ་བའི་མང་ཚོགས་ཚང་མར་རང་ཉིད་ལ་འཚམ་ཤོས་ཀྱི་ལས་སྒྲུབ་ཐབས་ལམ་རྙེད་ནས་རིག་ནུས་ཅན་གྱི་སྲིད་དོན་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།